རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོཌ་པའི་ཚོཌ་ཆེན་གྲུབ་ཡོད་པ།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་དེ་རིང་མཇུག་བསྡོམས་གནང་ནས་སྙན་ཐོ་རིམ་པ་གཉིས་བཏོན་ཡོད་པ་རེད།

2008.12.01

༄༅༎རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་དེ་རེས་གཟའ་ཟླ་བའི་ཉིན་མཇུག་བསྡོམས་གནང་ནས་སྙན་ཐོ་རིམ་པ་གཉིས་བཏོན་ཡོད་པའི་གནས་ཚུལ་འདི་ག་རླུང་འཕྲིན་ཁང་ལ་བཏང་འབྱོར་བྱུང་བ་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ཉེ་འགྲམ་གུར་གའོ་ས་གནས་སུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་དེ་ཉིན་གྲངས་གསུམ་གྱི་རིང་གྲོས་མོལ་གནང་ནས་ཕྱི་ཚེས་གཅིག་ཉིན་མཇུག་བསྒྲིལ་གནང་ཡོད་ཅིང་རྒྱལ་ཁབ་སུམ་ཅུ་ཙམ་ནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་བརྒྱ་ཙམ་ཕེབས་པ་རྣམས་ཀྱིས་མཐའ་མའི་ཚོགས་འདུའི་གྲུབ་འབྲས་ནང་སྙན་ཐོ་ཁག་གཉིས་བཏོན་གནང་ཡོད་པ་དང་ཡོངས་གྲགས་ཀྱི་སྙན་ཐོ་ཞིག་དང་ཡོངས་བསྒྲགས་མ་ཡིན་པའི་བཙན་བྱོལ་གཞུང་ལ་འབུལ་རྒྱུའི་སྙན་ཐོ་ཞིག་ཡོད་པ་རེད་འདུག གནད་དོན་དེའི་སྐོར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་འཐུད་ཟུང་འབྲེལ་ཚོགས་གཙོ་འཇམ་དབྱངས་རྡོ་རྗེ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད། ཐེངས་འདིའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་གྱི་ཐོག་ནས་བོད་ནང་གི་བོད་མི་རྣམས་ཀྱི་བདེ་སྡུག་གི་དགོས་འདུན་དང་རེ་འདུན་ཁག་གཙོ་བོ་ཡིན་པ་ངོས་འཛིན་ཐོག་ཁོང་རྣམས་ཀྱི་རེ་འདུན་རྣམས་བསྒྲུབ་པའི་ཆེད་དུ་ལས་དོན་སྤེལ་རྒྱུའི་ཁས་ལེན་གནང་བ་དང་ཁོང་རྣམས་ཀྱི་སྙིང་སྟོབས་ཆེན་པོའི་ཐོག་ནས་བོད་ས་ཡོངས་ལ་གཞི་རྒྱ་ཆེ་བའི་ཞི་བའི་ལས་འགུལ་སྤེལ་བར་ཆེས་བསྟོད་གནང་འདུག དེ་མ་ཟད་དུས་རབས་ཉི་ཤུ་རྩ་གཅིག་གི་འཛམ་གླིང་ནང་གི་འཁོར་འཛིན་བསྡོམས་བསྒྲིགས་ཀྱི་ཆེད་དུ་བོད་ནང་ཆོས་དད་རིག་གཞུང་གནད་འགག་ཆེན་པོ་ཡིན་པ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཁོང་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་དེ་བོད་མི་རྣམས་ཀྱི་སྐུ་ཚབ་ངོ་མ་ཡིན་པ་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་བོད་ནང་དྲང་བདེན་མ་ཡིན་པའི་རྒྱ་ནག་གི་བྱ་སྤྱོད་མཚམས་འཇོག་གི་ཆེད་དུ་ལས་འགུལ་ཤུགས་ཆེ་རུ་གཏང་རྒྱུ་ཡིན་པ་དང་བོད་ནང་བོད་མི་རྣམས་ཀྱི་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པའི་འབྱུང་རྩ་གཙོ་བོ་དེ་རྒྱ་ནག་གིས་བོད་མིའི་ཐོག་དྲང་བདེན་མིན་པའི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བ་དེ་ཡིན་པ་སོགས་ཀྱི་གནད་དོན་ཁག་ཚོགས་ཆེན་གྱི་སྙན་ཐོ་ཕྱི་བསྒྲགས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་འབྱོར་སོང༌༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎