ཤི་རི་ལང་ཀའི་གཞུང་གིས་ཊ་མིལ་གྱེན་ལོག་པ་ཚར་བཅད་ཡོད་པ།

ཊ་མིལ་སྟག་གི་གྱེན་ལོག་པ་ཚོར་དམག་སར་ཕམ་ཉེས་ཆེན་པོ་བྱུང་སྟེ་ད་ཆ་ཤི་རི་ལང་ཀའི་གཞུང་ལ་གོ་ལག་འབུལ་རྒྱུའི་གསལ་བསྒྲགས་བྱས་པ།

2009.05.17

༄༅༎ཤི་རི་ལང་ཀའི་གཞུང་ལ་གྱེན་ལོག་ལས་འགུལ་སྤེལ་མཁན་ཊ་མིལ་སྟག་གི་གྱེན་ལོག་པ་ཚོར་དམག་སར་ཕམ་ཉེས་ཆེན་པོ་བྱུང་སྟེ་གཞུང་ལ་གོ་ལག་འབུལ་རྒྱུའི་གསལ་བསྒྲགས་གནང་འདུག

ཤི་རི་ལང་ཀའི་སྲིད་འཛིན་མ་ཧིན་རྡ་ར་ཇ་པཀ་ས་ཡིས་ཊ་མིལ་གྱེན་ལོག་པ་ཚར་བཅད་དེ་གཡུལ་ལས་རྣམ་པར་རྒྱལ་བའི་གསལ་བསྒྲགས་གནང་འགོ་བཙུགས་ཡོད་ཅིང་རེས་གཟའ་མིག་དམར་ཉིན་གྲོས་ཚོགས་སུ་སྲིད་འཛིན་གྱིས་དྲག་སྤྱོད་པ་ཚར་གཅོད་ཀྱི་དམག་འཐབ་ལ་རྒྱལ་ཁ་ལོན་པའི་གཞུང་འབྲེལ་གསལ་བསྒྲགས་གནང་འཆར་ཡོད་པ་རེད། འདས་པའི་ལོ་ངོ་ཉི་ཤུ་རྩ་ལྔའི་རིང་ཊ་མིལ་མི་རིགས་ཚོས་ལོགས་སུ་རང་བཙན་བྱ་རྒྱུའི་འཐབ་རྩོད་བྱས་ཡོད་ཅིང་མི་གྲངས་བདུན་ཁྲི་བརྒལ་བའི་ཚེ་སྲོག་འཕྲོག་ཡོད་པརེད། ཊ་མིལ་སྟག་གི་གྱེན་ལོག་པ་ཚོའི་འགོ་ཁྲིད་པཱ་ར་སྦ་ཀ་རན་དམག་སར་བསད་ཡོད་ལུགས་གཞུང་དམག་གི་མགྲིན་ཚབ་པས་གསུངས་ཡོད་ཀྱང་དངོས་བདེན་ཇི་ཡིན་ར་འཕྲོད་བྱེད་མ་ཐུབ་པར་མི་མང་མང་པོའི་ཚེ་སྲོག་ཤོར་བ་དང་དེ་ལས་མང་བར་རྨས་སྐྱོན་ཕོག་པའི་དཀའ་སྡུག་མྱོང་དགོས་བྱུང་ཡོད་པ་རེད། ཞི་བའི་མི་མང་དམག་སར་ལྷུངས་པ་ཚོའི་སྲོག་སྐྱོབ་ཆེད་རྒྱལ་སྤྱིའི་་ཚོགས་སྡེ་དང་གཞུང་མང་པོས་དམག་མཚམས་འཇོག་དགོས་པའི་ནན་སྐུལ་གནང་བ་མ་ཟད་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གི་རོགས་དངུལ་ཨ་སྒོར་ཐེར་འབུམ་གཅིག་དང་ཚེག་དགུ་བུན་གཏོང་བྱ་འཆར་དེ་འགོག་རྒྱུའི་ཉེན་བརྡ་བཏང་ཡང་དམག་མཚམས་འཇོག་རྒྱུར་གནོན་ཤུགས་ཐེབས་མེད་པ་རེད། ཤི་རི་ལང་ཀའི་རྒྱལ་ཁབ་ཀྱི་ཕྱོགས་བསྡོམས་དཔལ་འབྱོར་ཨ་རིའི་ཌོ་ལར་ཐེར་འབུམ་བཞི་ཅུ་ཙམ་མེད་ཅིང་དངོས་ཟོག་ཕྱིར་བཙོང་ཉུང་དུ་ཕྱིན་པ་དང་གཞུང་གི་འདུ་འགོད་ཉུང་དུ་འགྲོ་བཞིན་པའི་དཔལ་འབྱོར་དཀའ་ངལ་འཕྲད་བཞིན་པ་ནས་ད་ཆ་འཇིགས་སྐུལ་དྲག་སྤྱོད་པ་ཊ་མིལ་སྟག་གི་གྱེན་ལོག་པ་ཚར་བཅད་རྗེས་དཔལ་འབྱོར་སླར་གསོའི་རེ་བ་གནང་གི་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎