ཁ་ནེ་ཊའི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད།


2016.10.10
ཁ་ནེ་ཊའི་ཕྱི་སྲིད་བློན་Stephane Dion་མཆོག ཁ་ནེ་ཊའི་ཕྱི་སྲིད་བློན་Stephane Dion་མཆོག
པར་ཚགས།

ཁ་ནེ་ཊའི་ཕྱི་སྲིད་བློན་ཆེན་Stephane Dion་མཆོག་གིས་རྒྱ་ནག་གཞུང་གིས་ཁ་ནེ་ཊའི་ཕྱི་འབྲེལ་མི་སྣ་རྣམས་བོད་ནང་ཕེབས་རྒྱུར་ལོ་མང་རིང་འགོག་རྐྱེན་བཟོས་པ་མ་ཟད། ཁེ་ན་ཊས་འགྲོ་གྲོན་བཏང་སྟེ་རོགས་སྐྱོར་ལས་གཞིའི་ཆེད་བསྐྱོད་རྒྱུར་ཡང་བཀག་འགོག་བྱེད་ཀྱི་སྐོར་སྐྱོན་བརྗོད་གནང་འདུག
དེ་ཡང་ཁ་ནེ་ཊའི་ཕྱི་སྲིད་བློན་Stephane Dion་མཆོག་གིས་ཁེ་ན་ཊའི་ཆེས་མཐོའི་ཕྱི་འབྲེལ་མི་སྣ་རྣམས་བོད་ནང་ཕེབས་རྒྱུའི་འབོད་སྐུལ་ཁག་ལ་རྒྱ་ནག་གཞུང་ནས་ངོས་ལེན་མེད་སྐོར་དུས་ནམ་ཡང་མ་བཤད་ན་ཡང་ཁོང་རྣམས་བོད་ནང་འགྲུལ་བཞུད་ཆོག་པའི་ཆོག་མཆན་ཕྱིར་འགྱང་བྱས་པ་ཐེ་བའི་འགོག་རྐྱེན་མང་པོ་བཟོས་པ་མ་ཟད། ཐ་ན་ཁ་ན་ཌའི་གཞུང་ཚབ་ཆེན་མོ་ཡང་བོད་ནང་ཐེངས་མ་གཅིག་ལས་ཕེབས་འཇུག་གི་མེད་པ་དང་། གཞུང་ཚབ་ཀྱི་ལས་བྱེད་པ་ཚོ་ཡང་གཏོང་གི་མེད་པ། ཁོང་རྣམས་བོད་ལ་ཕེབས་བཅུག་པའི་དབང་དུ་བཏང་ན་ཡང་མངོན་མེད་བཟོ་ཐབས་བྱེད་ཀྱི་སྐོར་སོགས་སྐྱོན་བརྗོད་གནང་འདུག
བོད་ནང་བསྐྱོད་འདོད་ཡོད་པའི་ཕྱི་རྒྱལ་བ་ཚོས་རྒྱ་ནག་གཞུང་ནས་དམིགས་བསལ་གྱི་ཆོག་མཆན་ཞུ་དགོས་ཀྱི་ཡོད་པ་རེད་ལ་རྒྱ་མིའི་དཔོན་རིགས་དང་ལས་བྱེད་པ་ཚོས་སྙད་འདོགས་འདྲ་མིན་སྣ་ཚོགས་བྱས་ཏེ་ཕྱི་མི་བོད་ནང་འགྲོ་བསྐྱོད་ཆོག་པའི་ཐོངས་མཆན་མི་སྤྲོད་རྒྱུའི་གོམས་གཤིས་ཡོད་རེད།
དེ་ལས་ལྡོག་སྟེ་ཕྱི་ལོ་༢༠༠༩་ནས་ཕྱི་ལོ་༢༠༡༥་ལོ་བར་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་ནས་རྒྱ་ནག་གི་གྲོས་ཚོགས་ཀྱི་སྐུ་ཚབ་འཐུས་མི་རིམ་པ་མང་པོ་བཏང་ཡོད་པ་རེད། ཁ་ན་ཊའི་ཕྱི་འབྲེལ་བློན་ཆེན་མཆོག་གིས་གཏམ་བཤད་དེ་ནི་གཙོ་བོ་ཁ་ན་ཊའི་མང་གཙོ་གསར་པ་ཞེས་པའི་གྲོས་ཚོགས་འཐུས་མི་Randal Garrison མཆོག་གིས་ཉེ་དུས་ཁེ་ན་ཌའི་གྲོས་ཚོགས་ནང་བོད་དང་རྒྱ་ནག་གི་གནད་དོན་སྐོར་བཀའ་འདྲི་ཞུས་པར་ཕྱི་འབྲེལ་བློན་ཆེན་མཆོག་གིས་ཡིག་ཐོག་ནས་བཀའ་ལན་གནང་བ་ཞིག་ཡིན་འདུག། ཕྱི་འབྲེལ་བློན་ཆེན་མཆོག་གིས་གཡོ་ཟོལ་མེད་པར་ཞལ་གསང་པོའི་ཐོག་ནས་གོང་ཞུས་ལན་འདེབས་གནང་བ་དེ་ནི་སྲིད་བློན་Justin Trudeau མཆོག་གིས་རྒྱ་ནག་ནང་གཟིགས་སྐོར་གནང་བ་དང་། དེའི་ལན་དང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་ཁེ་ན་ཊའི་ནང་འཚམས་གཟིགས་ལ་ཕེབས་པའི་རྗེས་སུ་ཡུལ་གྲུ་གཉིས་དབར་ཚོང་འབྲེལ་གཙོས་པའི་འབྲེལ་ལམ་རྒྱ་བསྐྱེད་གཏོང་ཐབས་བྱེད་བཞིན་པའི་སྐབས་སུ་བྱུང་བ་ཞིག་ཡིན་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎