གསར་འགྱུར་ཡིག་ཚགས།
2022-09-13
༧རྒྱལ་བ་རིན་པོ་ཆེས་བྱང་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་གྱི་མཐིལ་དུ་འཛིན་གྱི་ཡོད་པས། ཁྱེད་ཚོས་ཀྱང་གཞན་ཕན་གྱི་བསམ་པ་དང་སྟོང་ཉིད་ཀྱི་ལྟ་བ་སོགས་ཉམས་ལེན་ཧུར་ཐག་གནང་དགོས་ཞེས་བཀའ་ཕེབས་པ་འགྲེལ་བརྗོད་གནང་གི་འདུག
2022-09-12
༧གོང་ས་མཆོག་ནས་བོད་ཀྱི་ཐེབས་རྩའི་འགོ་ལས་སྦྱིན་བདག་ཚོར་མཇལ་ཁ་བསྩལ་གནང་མཛད་ཅིང་། ཆོས་ལུགས་དང་སྤྱི་ཚོགས་སོགས་དང་འབྲེལ་བའི་དྲི་བར་བཀའ་ལན་གནང་ཡོད་འདུག
2022-09-12
འདི་ཚེས་༡༢ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༩༡འཕར་ནས་ད་བར་བསྡོམས་འབོར་མི་གྲངས་༡༥༩༠༡ཟིན་འདུག་ལ་མང་པོ་ཞིག་སྨན་ཁང་ནས་ཐོན་ཡོད་འདུག
2022-09-12
གྲོས་ཚོགས་ནང་ཡིག་ཆ་ཨང་༣༩པའི་སྐོར་གླེང་སློང་བྱས་རྐྱེན་སླར་ཡར་སྤྱི་འཐུས་གྲོས་ཚོགས་འཚོགས་མ་ཐུབ་པ་ཆགས་འདུག
2022-09-11
སེར་བྱེས་མཁན་རིན་པོ་ཆེ་བཀྲིས་ཚེ་ཐར་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར། རྒྱ་གར་གྱི་གནའ་བོ་རིག་གཞུང་དེ་རྒྱལ་སྤྱི་དང་རྒྱ་གར་གྱི་ནང་བསྐྱར་གསོ་ཡོང་ཐབས་གནང་རྒྱུར་སེར་བྱེས་གྲྭ་ཚང་དང་རྒྱ་གར་གྱི་གཙུག་ལག་སློབ་ཁང་དབར་འབྲེལ་བ་བྱུང་བ་བརྒྱུད་གྲྭ་ཚང་གི་སློབ་གཉེར་བ་རྣམས་ལ་རྒྱལ་སྤྱིའི་ནང་ངོས་ལེན་ཡོད་པའི་ལག་ཁྱེར་ཐོབ་པ་ཡིན་གང་སྤྱིར་ཕན་ཐོགས་ཡོང་རྒྱུ་ཡིན་པ་གསུངས་གནང་སོང་།
2022-09-10
བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུཛ་རཱ་ཛི་ཡ་མཆོག་གིས་བོད་ནང་རྒྱ་གཞུང་གིས་བཙན་བཤེད་ཐོག་ནས་རིགས་རྫས་དཔེ་མཚོན་བསྡུ་རུབ་བྱ་རྒྱུ་འཕྲལ་དུ་མཚམས་འཇོག་དགོས་ལུགས་གསུངས་བ།
2022-09-10
རྒྱ་ནག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དང་མཉམ་ལས་བྱེད་ཐུབ་ཀྱི་མ་རེད་ཅེས་རྒྱལ་ཚོགས་ནང་གི་རྒྱ་ནག་གི་གཏན་འཇགས་སྐུ་ཚབ་པས་བརྗོད་འདུག
2022-09-10
༧གོང་ས་མཆོག་གི་འཚམས་འདྲིའི་གསུང་འཕྲིན་ནང་། ངོས་ནས་སྐུ་ཉིད་དབྱིན་ཇིའི་རྒྱལ་སྲིད་ཁྲི་འཛིན་གནང་བར་བྱམས་བརྩེ་ལྡན་པའི་ངང་མི་གཞན་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་གལ་ཆེན་འདི་བསྒྲུབ་ཐུབ་རྒྱུར་ཡིད་ཆེས་ཡོད་ཅེས་དང་།
2022-09-10
ཁ་སང་ཕྱི་ཚེས་ ༩ ཉིན་རྒྱ་གར་དབུས་གཞུང་གི་བློན་ཆེན་སྐུ་ཞབས་ཀི་རེན་རེ་ཇི་ཇུ་མཆོག་དངོས་སུ་མཇལ་འཕྲད་ཀྱིས་ཁོང་ལ་ཞུ་ཡིག་དེ་ཕུལ་ཐུབ་པ་བྱུང་སོང་ལ། ཁོང་ནས་ཀྱང་གནས་དོན་དེ་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་དང་ལྷན་དུ་གྲོས་བསྡུར་གནང་རྒྱུ་ཡིན་ཞེས་མོན་པ་མི་མང་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་རྣམ་རྒྱལ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
2022-09-10
སྤྱི་འཐུས་༡༣གྲོས་ཚོགས་ནས་ཕྱིར་ཐོན་བྱས་པའི་དབང་གིས་གྲོས་ཚོགས་ཀྱི་ངོ་ཡོད་རྩ་འབོར་གསུམ་ཆ་གཉིས་མ་ཚང་སྟབས། ཉིན་འདིར་གྲོས་ཚོགས་ཚོགས་མ་ཐུབ་པར་ཚོགས་གསེང་གནང་དགོས་བྱུང་བ།
2022-09-09
རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ལི་ཊིན་ཧྲུའུ་ཡིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བལ་ཡུལ་དུ་གཞུང་དོན་གཟིགས་སྐོར་གནང་འཆར་འདུག
2022-09-09
འདི་ཚེས་༩ཉིན་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༡༡༧འཕར་ནས་ད་བར་བསྡོམས་འབོར་མི་གྲངས་༡༥༡༡༢ཟིན་འདུག་ལ་མང་པོ་ཞིག་སྨན་ཁང་ནས་ཐོན་ཡོད་འདུག
2022-09-09
༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་ཕྱིར་རྒྱ་གར་དུ་ཕེབས་ཐུབ་ཆེད་ང་ཚོས་རྒྱ་གར་གྱི་འབྲེལ་ཡོད་དབུ་ཁྲིད་མཐོ་ཤོས་ཚོར་སྐད་ཆ་བཤད་དེ་ཐབས་ཤེས་བཙལ་དང་འཚོལ་མུས་ཡིན་པས་ཐབས་ཤེས་ཐོན་པའི་ཉིན་མོར་གསལ་བོ་ཆགས་ཡོང་གི་རེད་ཅེས་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་སུ་ལན་འདེབས་གནང་སོང་།
2022-09-09
དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་མཆོག་ནས་དེ་རིང་སྔ་དྲོ་རྒྱལ་མོ་མཆོག་དགོངས་པ་རྫོགས་པའི་གནས་ཚུལ་ཐོས་རྗེས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་ཕམ་ཆེན་པོས་ཐུགས་སྨོན་དང་མཉམ་དུ་གསུང་འཕྲིན་སྩལ་གནང་ཡོད་པ་བརྗོད་སོང་།
2022-09-08
སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ལྷོ་ཏྲེ་རོལ་གྱི་རང་སྐྱོང་དུས་དྲན་ཐེངས་༥༠་པའི་མཛད་སྒོར་མཉམ་ཞུགས་གནང་ནས་བོད་དོན་གཏམ་བཤད་གནང་འདུག