བོད་རྔ་པ་ཁུལ་གྱི་མཐོ་འབྲིང་སློབ་མས་ཟས་བཅད་ངོ་རྒོལ།

བོད་ནང་ཕྱི་ཚེས་༡༧ཙམ་ནས་རྔ་པ་ཁུལ་མི་རིགས་མཐོ་འབྲིང་སློབ་གྲྭའི་སློབ་མ་རྣམས་ཀྱིས་ཟས་བཅད་ངོ་རྒོལ་བྱས་འདུག

2011.03.28

༄༅༎ཕྱི་ཟླ་༣པའི་ཚེས་༡༦ཉིན་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེག་བཏང་ནས་འདས་གྲོངས་ཕྱིན་པའི་རྗེས། ཕྱི་ཚེས་༡༧ཙམ་ནས་རྔ་པ་ཁུལ་མི་རིགས་མཐོ་འབྲིང་སློབ་གྲྭའི་སློབ་མ་རྣམས་ཀྱིས་ཟས་བཅད་ངོ་རྒོལ་བྱས་འདུག། རྒྱ་མིའི་ཉེན་རྟོག་པས་སློབ་གྲྭའི་ནང་གི་དགེ་སློབ་མང་པོའི་ལག་ཁྱེར་ཁ་པར་འཕྲོག་ཡོད་པ་མ་ཟད། སློབ་གྲྭའི་ཕྱི་ནང་གི་འགྲུལ་བཞུད་ཡོངས་རྫོགས་དམག་མིས་བཀག་སྡོམ་བྱས་ཏེ་སློབ་མ་ ཚོའི་ནང་མི་ཚོ་ཡང་ཐུག་འཕྲད་བྱེད་དུ་འཇུག་གི་མེད་སྟབས་ནང་གི་ཞིབ་ཕྲའི་གནས་སྟངས་ཤེས་རྟོགས་ཁག་ནའང་། གནས་ཚུལ་ཡོང་ཁུངས་རེ་ཟུང་ནས་བཤད་པ་ལྟར་ན་ཕྱི་ཚེས་ ༢༣ ཉིན་ད་དུང་སློབ་གྲྭའི་ནང་སློབ་ཕྲུག་ཚོས་ཟས་བཅད་ངོ་རྒོལ་བྱེད་མཚམས་མ་བཞག་པར་མུ་མཐུད་ཟས་བཅད་ངོ་རྒོལ་བྱེད་བཞིན་ཡོད་པ་དང༌། གནས་ཚུལ་དེ་རྔ་པ་ཁུལ་ཡོད་སའི་འབར་ཁམས་ལའང་ཡོངས་གྲགས་ཆགས་མེད་པར་རྒྱ་གཞུང་གིས་གསང་བ་དམ་པོར་བྱས་ཡོད་པར་བརྟེན། ད་ལྟའི་ཆར་སློབ་མ་འཛིན་བཟུང་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོག་བྱེད་ཁག་པོ་ཆགས་ཡོད་པ་རེད། 

ཕྱི་ཚེས་༢༢ཉིན་ཕུན་ཚོགས་ལགས་ཀྱི་སྤུན་ཆུང་བ་རྔ་པ་ཀིརྟིའི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་། རང་ལོ་༡༩ཡིན་པ་ཁོང་དང་ཁོང་གི་ཨ་ཞང་བློ་བཟང་བརྩོན་འགྲུས་གཉིས་དང་། རྨེའུ་རུ་མའི་རུ་ཆེན་གཉིས་པའི་རྡོར་ཁོ་ཚང་གི་རྔ་པ་ཀིརྟིའི་དགོན་གྱི་གྲྭ་བསམ་འགྲུབ་བཅས་འཛིན་བཟུང་བཀག་ཉར་བྱས་ཡོད་ཅིང༌། ཁོང་རྣམས་འཛིན་བཟུང་བྱེད་དགོས་པའི་རྒྱུ་རྐྱེན་ནི་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཞིག་རེད་འདུག། དེང་སྐབས་ཀིརྟིའི་དགོན་དུ་མཚན་མོ་གླིང་བར་སོགས་ལ་ཉེན་རྟོག་པ་དང་དམག་མི་རྣམས་ཀྱིས་སྐོར་སྲུང་བྱེད་ཀྱི་ཡོད་པ་བཞིན་མཚན་མོ་ཐུག་པའི་དགེ་འདུན་པ་འགའ་ཤས་ལ་རྒྱ་མིས་གཅར་རྡུང་དྲག་པོ་བྱས་འདུག།

ཡང་ཕྱི་ཚེས་༢༤ཉིན་རྔ་པ་རྫོང་མཐའ་བ་གོང་མ་དང་འགབ་མ་གཉིས་ལ་རྒྱ་གཞུང་གིས་ཚོགས་འདུ་སྐོང་ནས་མི་མང་གིས་རྔ་པ་ཀིརྟིའི་དགོན་པ་སྲུང་བྱ་བྱེད་དགོས་ཚུལ་དང་གལ་ཏེ་སྲུང་ཆ་བྱེད་བར་མ་ཕྱིན་པ་ཡིན་ན་མི་རེར་ཉིན་རེ་རྒྱ་སྒོར་སུམ་ཅུའི་ཆད་པ་གཏོང་རྒྱུ་ཡིན་ཞེས་མང་ཚོགས་ལ་བཙན་བཀའ་གཏོང་གི་ཡོད་པའི་གནས་ཚུལ་འདུགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎