ཨ་རིའི་མི་ནི་སོ་ཀྲ་མངའ་སྡེའི་ནང་བོད་དོན་ཆེད་ལས་འགུལ།

ཨ་མི་རི་ཀའི་མངའ་སྡེ་མི་ནི་སོ་ཀའི་ནང་གི་ཚོང་ར་ཆེན་མོའི་ནང་བོད་དོན་ཆེད་འགུལ་བསྐྱོད་མེད་པར་གནས་ཏེ་ཞི་བའི་ལས་འགུལ་ཞིག་སྤེལ་འདུག

2009.02.14

༄༅༎ཨ་མི་རི་ཀའི་མངའ་སྡེ་མི་ནི་སོ་ཀའི་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ས་གནས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་དེ་བཞིན་ས་གནས་བོད་མི་རྣམས་མཉམ་འབྲེལ་སྒོ་ནས་རྡ་མོལ་ཨོཕ་ཨ་མི་རི་ཀ་ཞེས་པའི་ཚོང་ར་ཆེན་མོའི་ནང་བོད་དོན་ཆེད་འགུལ་བསྐྱོད་མེད་པར་གནས་ཏེ་ཞི་བའི་ལས་འགུལ་ཞིག་སྤེལ་འདུག

ཕྱི་ལོ་༡༩༥༩ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་རྣམས་ཀྱིས་རང་དབང་སྒེར་ལངས་གནང་སྟེ་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ལ་ཉེ་བ་དང་བསྟུན་ནས་སྔ་ལོའི་གསུམ་ཅུའི་དུས་དྲན་ཐེངས་བཞི་ཅུ་ཞེ་དགུ་པའི་དུས་དྲན་ཉིན་ནས་བཟུང་ད་བར་བོད་ནང་གི་བོད་མི་རྣམས་ཀྱིས་བོད་རྒྱལ་ཁབ་དང་བོད་མི་རིགས་དོན་དུ་རང་གི་ལུས་སྲོག་ལོངས་སྤྱོད་ཡོངས་རྫོགས་བློས་བཏང་གནང་བའི་གནས་ཚུལ་ཁག་ཨ་རིའི་མི་མང་གིས་མཁྱེན་རྟོགས་ཆེ་བ་ཡོང་ཕྱིར་ཨ་རིའི་མངའ་སྡེ་མི་ནི་སོ་ཀྲའི་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་བཞིན་ས་གནས་བོད་མི་རྣམས་ཀྱིས་སྟོད་གོས་དཀར་པོ་གྱོན་པ་དང་ལག་ཏུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་ལོ་ངོ་ལྔ་བཅུ་རིང་རྒྱ་མིའི་བཙན་དབང་ལ་ཁ་གཏད་གདོང་ལེན་ཞེས་པ་དང་བོད་མི་རིགས་གཅིག་དང་རྒྱལ་ཁབ་གཅིག་ཅེས་འབོད་ཚིག་འཁོད་པའི་འཕྲེད་དར་སོགས་ཕྱར་ནས་རྡ་མོལ་ཨོཕ་ཨ་མེ་རི་ཀ་ཞེས་པའི་ཨ་རིའི་ནང་གི་ཚོང་ར་ཆེ་ཤོས་ནང་སྔ་དྲོའི་ཕྱག་ཚོད་བཅུ་གཅིག་དང་ཕྱེད་ཀར་ལྷན་འཛོམས་གནང་སྟེ་ཆུ་ཚོད་བཅུ་གཉིས་ཟིན་མ་ཐག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བསྡོམས་བརྒྱ་དང་ལྔ་བཅུ་ལྷག་གིས་སྐར་མ་ལྔའི་རིང་དབྱིན་སྐད་ཐོག་ཕི་རིཛ་འམ་འགུལ་བསྐྱོད་མེད་པར་གནས་ཏེ་བོད་དོན་ལས་འགུལ་སྤེལ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎