ཞི་བདེའི་གཟེངས་རྟཊ་བཞེས་མཁན་ཞིག་རྒྱ་ནག་ལ་ཕེབས་འཆར་ཡོད་པ།
2015.06.05
འབར་མའི་ཕྱོགས་འགལ་དམངས་གཙོ་ཚོགས་པའི་ཚོགས་ཙོ་ལྕམ་ཨང་སང་སུའུ་སྐྱིད་རྒྱ་ནག་དུ་འཚམས་གཟིགས་སུ་ཕེབས་འཆར་ཡོད་འདུག
དེ་ཡང་རྒྱ་ནག་གུང་ཁྲན་ཚོགས་པས་གདན་ཞུ་བཞིན་འབར་མའི་ཕྱོགས་འགལ་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སང་སུའུ་སྐྱིད་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་རིང་མིན་ཟླ་བ་འདིའི་ནང་རྒྱ་ནག་ནང་འཚམས་གཟིགས་སུ་ཕེབས་འཆར་ཡོད་པ་དང་། ལྕམ་ཨང་སང་སུའུ་སྐྱིད་རྒྱ་ནག་ནང་འཚམས་གཟིགས་གནང་རིང་རྒྱ་ནག་གི་དཔོན་རིགས་སུ་དང་ཐུག་ཕྲད་གནང་མིན་ད་ལྟའི་ཆར་རྒྱ་ནག་གི་ཕྱོགས་ནས་གསལ་ཁ་གང་ཡང་བཏོན་མེད་པ་རེད། རྒྱ་ནག་ནི་འབར་མར་དྲག་པོའི་གཞུང་འཛིན་བྱེད་པའི་སྐབས་ནས་ཡུལ་དེར་རྒྱབ་སྐྱོར་བྱེད་མཁན་གྱི་ཡུལ་གྲུ་ཞིག་ཡིན་པ་དང་། ཡིན་ནའི་ཉིས་སྟོང་བཅུ་གཅིག་ལོར་ཡུལ་དེའི་དྲག་པོའི་གཞུང་གིས་དམངས་གཙོའི་ལམ་དུ་འགྱུར་རྒྱུར་རྩ་ཁྲིམས་ལ་བཟོ་བཅོས་བྱ་རྒྱུ་ཁས་ལེན་བྱས་ནས་དྲག་པོའི་གཞུང་དེ་ཞི་བའི་དབང་བསྒྱུར་དུ་བསྒྱུར་བཅོས་བྱས་ཡོད་པ་རེད། ད་རེས་འབར་མའི་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སང་སུའུ་སྐྱིད་རྒྱ་ནག་དུ་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པར་ ཕྱོགས་ཚང་མས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པའི་ཁར་ལྕམ་ཨང་སང་སུའུ་སྐྱིད་ནི་ནོར་བེལ་ཞི་བདེའི་གཟེངས་རྟགས་བཞེས་པ་པོ་ཞིག་ཡིན་པའི་ཆ་ནས་ད་རེས་རྒྱ་ནག་ནང་ཕེབས་པའི་སྐབས་རྒྱ་ནག་གཞུང་གིས་བཙོན་འཇུག་བྱེད་བཞིན་པའི་ནོར་བེལ་ཞི་བདེའི་གཟེངས་རྟགས་བཞེས་པ་པོ་ལིའུ་ཞའོ་ཕོའོ་ཡི་སྐོར་གསལ་སྟོན་བྱ་མིན་ཐད་མི་རྣམས་ཀྱི་ཚོད་དཔག་འདྲ་མིན་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་འཆི་མེད།