སི་རི་ཡར་སྐྱོན་བརྗོད་ལ་རྒྱབ་སྐྱོར་མ་བྱས་པ།

ར་ཤི་ཡ་དང་རྒྱ་ནག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡར་སྐྱོན་བརྗོད་ལ་རྒྱབ་སྐྱོར་མ་བྱས་པ།

2012.02.05

༄༅༎ཉེ་ཆར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་ལྷན་ཚོགས་ཤིག་གི་ཐོག རྒྱ་ནག་དང་ར་ཤི་ཡའི་རྒྱལ་ཁབ་གཉིས་ནས། སི་རི་ཡའི་གནད་དོན་གྱི་གྲོས་འཆར་ཐོག་འོས་ཤོག་འཕེན་རྒྱུའི་དབང་ཆ་དོར་ཡོད་པས། གནས་ཚུལ་དེའི་ཐོག་ཨ་རི་དང་ཡོ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་ནས་རྒྱ་ནག་དང་ར་ཤི་ཡ་ལ་སྐྱོན་བརྗོད་གནང་འདུག
དེའང་ད་རེས་སྤྱི་ཟླ་གཉིས་པའི་ཚེས་བཞིའི་ཉིན་འཚོགས་པའི་སི་རི་ཡའི་གནད་དོན་ཐོག་གི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་ལྷན་ཚོགས་ཤིག་གི་ཐོག་ཚོགས་བཞུགས་རྒྱལ་ཁབ་ཚོས། སི་རི་ཡའི་གནད་དོན་གྱི་གྲོས་འཆར་ཞིག་ལ་མོས་མཐུན་རྒྱབ་སྐྱོར་ཡོད་མེད་ཀྱི་འོས་ཤོག་འཕེན་ཡོད་པ་དང་། འོས་ཤོག་འཕེན་པའི་འབྲས་བུར། འོས་ཤོག་༡༣ནས་གྲོས་འཆར་ལ་མོས་མཐུན་རྒྱབ་སྐྱོར་ཡོད་པའི་འོས་ཤོག་འཕེན་ཡོད་པ་དང་། ཡང་འོས་ཤོག་གཉིས་ནས་ངོ་རྒོལ་གནང་ཡོད་ལ། དེ་མིན་མཉམ་སྦྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་རྒྱུན་ལས་རྒྱལ་ཁབ་ཡིན་པའི་རྒྱ་ནག་དང་རོ་ཤི་ཡ་གཉིས་ནས། རང་ཉིད་ཀྱི་འོས་ཤོག་འཕེན་རྒྱུའི་ཐོབ་ཐང་དོར་ཏེ། མཉམ་སྦྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་ནས་སི་རི་ཡའི་གནད་དོན་ཐོག་སི་རི་ཡའི་ད་ཡོད་སྲིད་འཛིན་ལ་གནོན་ཤུགས་སྤྲོད་པའི་ལས་དོན་ལ་འགོག་རྐྱེན་བཟོས་ཡོད་པས། གནས་ཚུལ་དེ་ཐོན་རྗེས། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་ལ་བཞུགས་མཁན། ཕ་རན་སི་དང་། ཨིན་ཇི། སི་པན། དེ་བཞིན་ཨ་རི་སོགས་རྒྱལ་ཁབ་ཁག་གི་སྐུ་ཚབ་ནས་སྔ་རྗེས་སུ་གཏམ་བཤད་གནང་ཏེ། དེ་རིང་གི་ཉིན་མོ་དེ་ནི་། སི་རི་ཡའི་མི་དམངས་དང་། དམངས་གཙོའི་གྲོགས་པོ་ཚོ། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་ངོས་ནས་བཤད་ན། ཡིད་སྐྱོ་དགོས་པའི་ཉིན་མོ་ཞིག་ཡིན་པ་དང་། རྒྱ་ནག་དང་རོ་ཤི་ཡའི་ལངས་ཕྱོགས་དེ་ནི། སི་རི་ཡའི་མི་དམངས་ཀྱི་ཕྱོགས་དང་། དམངས་གཙོའི་ཕྱོགས་སུ་མིན་པས། མ་འོངས་པའི་ལོ་རྒྱུས་ཐོག་ནས་རྒྱ་ནག་དང་ར་ཤི་ཡ་གཉིས་ལ་ཁྲིམས་གཅོད་ནན་པོ་བྱེད་རྒྱུ་ཡིན་པ་སོགས་ཀྱི་སྐྱོན་བརྗོད་ནན་པོ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎