རྒྱ་ནག་ནང་དགེ་རྒན་གྱི་གླ་ཕོག་ཉུང་དྲག་པར་ངོ་རྒོལ་བྱས་འདུག

རྒྱ་ནག་ལྷོ་ཕྱོགས་ཀོང་དྲོང་ཞིང་ཆེན་གྱི་ཡང་ཇེང་གྲོང་ཁྱེར་དུ་ས་གནས་སྲིད་གཞུང་གི་ལས་ཁུངས་མདུན་སློབ་གྲྭའི་དགེ་རྒན་ཆིག་སྟོང་ལྷག་གིས་ངོ་རྒོལ།

2009.01.05

༄༅༎ཨེ་ཨེཕ་པི་གསར་འགྱུར་བརྒྱུད་ལམ་ནས་གནས་ཚུལ་སྤེལ་བར་གཞིགས་ན་རྒྱ་ནག་ལྷོ་ཕྱོགས་ཀོང་དྲོང་ཞིང་ཆེན་གྱི་ཡང་ཇེང་གྲོང་ཁྱེར་དུ་ཁ་ས་རེས་གཟའ་ཟླ་བའི་ཉིན་ས་གནས་སྲིད་གཞུང་གི་ལས་ཁུངས་མདུན་སློབ་གྲྭའི་དགེ་རྒན་ཆིག་སྟོང་ལྷག་ཙམ་འདུ་འཛོམས་ཀྱིས་ངོ་རྒོལ་བྱས་ཡོད་འདུག ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ནས་གནད་དོན་འདིའི་སྐོར་ཞལ་པར་ཐོག་ནས་འདྲི་བརྩད་བྱས་པའི་སྐབས་མིང་འདོན་བྱེད་འདོད་མེད་པའི་ས་གནས་དགེ་རྒན་ཞིག་གིས་གསུངས་ན་ང་ཚོའི་རྫོང་གི་དགེ་རྒན་ཚོར་རྫོང་སྡེ་གཞན་གྱི་དགེ་རྒན་ཚོ་ལས་གླ་ཕོག་སྤར་ཆ་ཉུང་བ་བཟོས་ཡོད་པ་དེས་རྐྱེན་གྱིས་ང་ཚོར་དཀའ་ངལ་འཕར་མ་ཞིག་འཕྲད་ཀྱི་ཡོད་སྟབས་ངོ་རྒོལ་གྱི་ལས་འགུལ་འདི་སྤེལ་བ་རེད་ལ་ང་ཚོར་ཐོབ་ཐང་འདྲ་མཉམ་དགོས་པའི་དགོས་འདུན་བཏོན་གྱི་ཡོད་ཅེས་འགྲེལ་བརྗོད་བྱས་འདུག དེ་དང་ཕྱོགས་མཚུངས་རྒྱ་ནག་གི་ས་ཁུལ་གཞན་མང་པོའི་ནང་དུའང་དགེ་རྒན་གྱི་གནད་དོན་འདིའི་ཐོག་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག ཡང་ལས་འགུལ་ནང་མཉམ་ཞུགས་མ་བྱེད་པའི་དགེ་རྒན་མང་པོས་དྲ་རྒྱའི་ནང་སོ་སོའི་བདེ་སྡུག་བཀོད་པ་སོགས་གང་ལྟར་དགེ་རྒན་ཚོར་གླ་ཕོག་ཆུང་དྲག་པ་དང་ཡང་ན་གླ་ཕོག་སྤར་རྒྱུར་འདྲ་མཉམ་མེད་པའི་སྐོར་གླེང་སློང་མང་པོ་བྱེད་བཞིན་ཡོད་པ་རེད། འོན་ཀྱང་ས་གནས་ཀྱི་ཉེན་རྟོག་ལས་ཁུངས་སུ་ཨེ་ཨེཕ་པི་གསར་ལས་ཁང་ནས་གནད་དོན་འདིའི་སྐོར་འདྲི་བརྩད་བྱས་པའི་སྐབས་གནད་དོན་འདིའི་སྐོར་ལན་འདེབས་བྱེད་འདོད་མེད་ཅེས་བཤད་ཡོད་པ་དང་རྫོང་སྡེའི་ཤེས་ཡོན་ཚན་པའི་འབྲེལ་ཡོད་ལ་འདྲི་པས་སྐབས་ལས་འགུལ་སྤེལ་ཡུལ་ས་གནས་སུ་འབྲེལ་ཡོད་མི་སྣ་ཆེད་གཉེར་བྱས་ཡོད་པ་དེ་དག་གིས་སློབ་གྲྭའི་གནས་ཚུལ་ཞིབ་བརྩད་བྱེད་ནས་རྙོག་ཁྲ་སེལ་གྱི་རེད་ཅེས་ལན་རྒྱབ་ཡོད་པ་གང་ལྟར་རྒྱ་ནག་ནང་ལོ་ལྟར་དགེ་རྒན་དང་ལས་བྱེད།བཟོ་གྲྭའི་ལས་མི་ཚོར་གླ་ཕོག་ཡག་པོ་མ་སྤྲད་པ་དང་སྐབས་རེ་ཟླ་བ་མང་པོའི་གླ་ཕོག་སྤྲོད་རྒྱུ་ནར་འགྱངས་བྱེད་པ་སོགས་ཀྱི་གནས་ཚུལ་ལྷག་གི་ཡོད་རེད་ལ་མུ་མཐུད་ནས་ས་གནས་གང་སར་ངོ་རྒོལ་གྱི་ལས་འགུལ་ཡར་བསྟུད་མར་ཡོང་བཞིན་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎