༸གོང་ས་མཆོག་ཡོ་རོབ་ཡུལ་གྲུ་ཁག་ནང་འཚམས་གཟིགས།

རྒྱ་ནག་གཞུང་གིས་༸གོང་ས་མཆོག་ཡོ་རོབ་ཡུལ་ཁག་ནང་གཟིགས་བསྐོར་གདན་ཞུའི་གནད་དོན་ཐད་རྙོག་གླེང་བཟོ་ཡི་ཡོད་འདུག

2009.05.20

༄༅༎རྒྱ་ནག་གཞུང་གིས་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་དབར་དཔལ་འབྱོར་ལྷན་ཚོགས་ཀྱི་སྔ་རོལ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཡུལ་ཁག་ནང་གཟིགས་བསྐོར་གདན་ཞུའི་གནད་དོན་ཐད་རྙོག་གླེང་བཟོ་ཡི་ཡོད་འདུག

རྒྱ་ནག་དང་ཡོ་རོབ་སྤྱི་མཐུན་དབར་སྔ་ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་རྒྱལ་སྤྱིའི་དཔལ་འབྱོར་ཉམ་རྒུད་ཕྱིན་པའི་ཤུགས་རྐྱེན་ལ་གདོང་ལེན་ཞུ་ཕྱོགས་ཀྱི་ཐད་བཀའ་བསྡུར་གནང་རྒྱུའི་འཆར་གཞིར་རྒྱ་ནག་གཞུང་གིས་སྐབས་དེར་ཡོ་རོབ་མཐུན་ཚོགས་ཀྱི་རེས་མོས་ཚོགས་གཙོ་ཕེ་རན་སིའི་སྲིད་འཛིན་སར་ཀོ་ཛི་མཆོག་གིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་མཆོག་པོའོ་ལེནདྲ་ནང་མཇལ་འཕྲད་ཞུས་པར་ངོ་རྒོལ་གྱིས་སྐབས་དེར་དཔལ་འབྱོར་གྱི་ལྷན་ཚོགས་དེ་ནས་ཕྱིར་བཤོལ་གྱིས་ཕྱོགས་གཉིས་ཀྱི་ལྷན་ཚོགས་དེ་དེ་རིང་རེས་གཟའ་ལྷག་པའི་ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་གནང་རྒྱུ་བྱས་ཡོད་པ་དང་ཡོ་རོབ་མཐུན་ཚོགས་ཀྱི་རེ་བསྐོར་ཚོགས་གཙོ་ཅེཀ་ཀྱི་སྲིད་འཛིན་ལྦཀ་ལེལྦ་ཀོ་ལོ་སི་མཆོག་གིས་དེ་རིང་རྒྱ་ནག་གི་སྲིད་བློན་ལྦན་ཅ་པའོ་དང་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ཧོ་སེ་མེ་ནུའེལ་སྦ་རོ་སོ་དང་ཕྱི་སྲིད་བློན་ཆེན་ཧ་ལྦིཡེར་སོ་ལ་ན་གསུམ་གྱི་མགྲོན་བདག་གནང་སྟེ་མཇལ་འཛོམས་གནང་གི་ཡོད་འདུག

ལྷན་ཚོགས་འདིའི་སྔ་རོལ་རྒྱ་ནག་གཞུང་གི་མགྲིན་ཚབ་པ་མཱ་ཀྲའོ་ཤུ་ཡིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་མཆོག་ཡོ་རོབ་ཡུལ་ཁག་ནང་གཟིགས་བསྐོར་གོ་སྒྲིག་ཡོད་པའི་གནད་དོན་ལ་རྙོག་གླེང་གིས་ཏཱ་ལས་འཛམ་གླིང་ཡུལ་ཁག་ལ་བསྐོར་བསྐྱོད་ཀྱི་དམིགས་ཡུལ་གཙོ་བོ་དེ་བོད་རང་བཙན་རྩོད་ལེན་གྱི་ལས་འགུལ་ཆེད་དང་རྒྱ་ནག་དང་འབྲེལ་ཡོད་རྒྱལ་ཁབ་ཁག་དབར་གྱི་འབྲེལ་ལམ་ལ་གནོད་སྐྱོན་གཏོང་ཆེད་ཡིན་ན་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་ཡུལ་ལུང་དང་གནས་བབ་གང་འདྲ་ཞིག་བརྒྱུད་རྒྱ་ནག་ཁ་བྲལ་གྱི་ལས་དོན་རིགས་ལ་མཐའ་ཅིག་ཏུ་ངོ་རྒོལ་ཞུ་ཡི་ཡོད་ཅེས་གཏམ་བཤད་བྱས་ཡོད་འདུག

འགྲོ་བ་མིའི་རྟོག་ཞིབ་ཚོགས་པ་ཧིའུ་མེན་རའེཏ་སི་ལྦ་ཆིའི་འགན་འཛིན་སཱོ་ཕི་རི་ཆ་དྲི་སེན་གྱིས་ཡོ་རོབ་མཐུན་ཚོགས་ལ་རྒྱ་ནག་ལྷན་ཚོང་དང་པལ་འབྱོར་གྱི་ཁེ་བབས་ལ་བསམ་ཤེས་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་རྩ་འཛིན་གློདགཏོང་གིས་ནོར་འཁྲུལ་ཅན་གྱི་སྲིད་བྱུས་འཛིན་རྒྱུ་མེད་པ་དང་རྒྱ་ནག་ནང་ཁྲིམས་ལུགས་དབང་འཛིན་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་མེད་པ་ཡིན་ན་རྒྱ་ནག་དེ་ཡོ་རོབ་མཐུན་ཚོགས་ཀྱི་ཚོང་འབྲེལ་བྱ་ཡུལ་རྒྱལ་ཁབ་ཡག་པོ་ཞིག་ཡོང་རྒྱུ་མིན་པ་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎