བོད་མི་གོམ་བགྲོད་པས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

རྒྱ་གར་ནས་བོད་བར་གོམ་བགྲོད་དུ་བསྐྱོད་ཐབས་གནང་མཁན་གྱི་བོད་མི་ལྔ་བཅུ་ང་དྲུག་གིས་ཉེན་རྟོག་ཁང་ནང་ཟས་བཅད་ངོ་རྒོལ་གནང་འདུག

2008.08.09

༄༅༎ཕྱི་ཟླ་བརྒྱད་པའི་ཚེས་ ༤ ཉིན་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པའི་རྒྱ་གར་ནས་བོད་བར་གོམ་བགྲོད་དུ་བསྐྱོད་ཐབས་གནང་མཁན་གྱི་བོད་མི་ལྔ་བཅུ་ང་དྲུག་གིས་ཉེན་རྟོག་ཁང་ནང་བཟའ་བཏུང་ཐམས་ཅད་བཅད་ནས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག་པ་དང་ ཁོང་ཚོའི་གྲས་ནས་མི་འགའ་ཤས་དྲན་མེད་དུ་བརྒྱལ་བའི་གནས་ཚུལ་བྱུང་རྗེས་ ཁོང་ཚོ་གློད་བཀྲོད་བཏང་ཡོད་པ་ཕ་ཡུལ་དྲ་རྒྱའི་ཐོག་གནས་ཚུལ་བཀོད་འདུག

གོམ་བགྲོད་དུ་ཕེབས་ཐབས་གནང་མཁན་གྱི་བོད་མི་ལྔ་བཅུ་ང་དྲུག་པོ་དེ་དག་གི་འགོ་འཁྲིད་རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པའི་དྲུང་ཆེ་བསྟན་འཛིན་བརྩོན་འགྲུས་ལགས་ཡིན་ཞིང་ ཁོང་ཕྱི་ཟླ་བརྒྱད་པའི་ཚེས་ ༣ ཉིན་ རྒྱ་གར་བྱང་ཕྱོགས་སྦུན་ཏར་ཞེས་པའི་ས་གནས་དེའི་གནམ་ཐང་ནས་འཛིན་བཟུང་བྱས་ཤིང་ ཕྱི་ཚེས་ ༤ ཉིན་གློད་བཀྲོད་བཏང་ཡོད་འདུག་ན་ཡང་ སླར་ཡང་ཕྱི་ཚེས་ ༥ ཉིན་ཀུ་ལུ་ས་གནས་ཀྱི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

ཡང་གོམ་བགྲོད་དུ་ཕེབས་མཁན་རྡ་རམ་ས་ལ་ནས་ཡིན་པ་ བསྟན་འཛིན་ནོར་བཟང་ལགས་དང་ བློ་བཟང་ལགས་ཞུ་བ་གཉིས་རྒྱ་གར་དང་བོད་ཀྱི་ས་མཚམས་སུ་འབྱོར་རྒྱུར་ཀི་ལོ་མི་ཊར་གསུམ་ཙམ་ལས་མེད་པའི་ས་གནས་གྱུའུ་ཞེས་པའི་བར་སླེབས་ཡོད་འདུག་ན་ཡང་ ཕྱི་ཟླ་བརྒྱད་པའི་ཚེས་ ༥ ཉིན་ ཁོང་གཉིས་ཀྱང་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

གོམ་བགྲོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ སེར་བྱེས་ཤིན་ཟ་རིན་པོ་ཆེས་བོད་ནང་གི་བོད་མི་ཚོ་བཙོན་ཁང་ཆེན་པོ་ཞིག་གི་ནང་གནས་ཏེ་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་སྟབས་ ང་ཚོ་ཡང་བོད་དུ་ཕྱིར་ལོག་བྱེད་དེ་ང་ཚོའི་འཐབ་རྩོད་ཀྱི་ལས་འགུལ་འདིའི་འོག་ཁོང་ཚོ་དང་སྡུག་མཉམ་འཁུར་བྱ་རྒྱུ་ཡིན་ཞེས་གསུངས་འདུག

བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ རྒྱ་གར་གི་བཙོན་ཁང་ནང་ཟ་བཏུང་གང་ཡང་མེད་པའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྐྱེན་གྱིས་ སྐུ་གཟུགས་ཀྱི་གནས་བབ་ཧ་ཅང་སྐྱོ་པོ་ཡོད་འདུག་པར་མ་ཟད་ རྒྱ་གར་ཉེན་རྟོག་པས་ཁོང་སྨན་ཁང་དུ་བསྐྱེལ་དགོས་བྱུང་འདུག་ཀྱང་ ད་ཆ་སླར་ཡང་བཙོན་ཁང་ནང་ཕྱིར་འཁྲིད་བྱས་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎