མ་ལེ་ཤི་ཡས་སྐྱབས་བཅོལ་བའི་དཀའ་ངལ་སེལ་རྒྱུ།

མ་ལེ་ཤི་ཡས་ཨོ་སེ་ཀྲོ་ལི་ཡའི་ནང་སྐྱབས་བཅོལ་ཞུ་མཁན་བཞེས་གནང་རྒྱུ།

2011.05.15

༄༅༎ཐའེ་ལེནྜི་ཡིས་ཉེ་དུས་ཨོ་སེ་ཀྲོ་ལི་ཡ་དང་མ་ལེ་ཤི་ཡ་དབར་སྐྱབས་བཅོལ་ཞུ་མཁན་གྱི་དཀའ་ངལ་སེལ་ཕྱོགས་ཐད་གྲོས་མོ་གང་བྱུང་བ་དེ་ནི་མིག་དཔེར་ལྟ་ས་ཞིག་ཆགས་ཡོད་ལུགས་འགྲེལ་བརྗོད་བྱས་འདུག

བདུན་ཕྲག་སྔོན་མ་ཨོ་སེ་ཀྲོ་ཡའི་ནང་སྐྱབས་བཅོལ་ཞུ་མཁན་མཚོ་ཐོག་གི་འགྲུལ་མི་ ༨༠༠ཐམ་པ་མ་ལེ་ཤི་ཡའི་ནང་ལེན་རྒྱུ་དང་ དེའི་ཚབ་ཏུ་མ་ལེ་ཤི་ཡའི་ནང་དེབ་སྐྱེལ་བྱས་པའི་སྐྱབས་བཅོལ་བ་བཞི་སྟོང་ཨོ་སེ་ཀྲོ་ལི་ཡས་ལོ་བཞིའི་ནང་ཚུད་ལེན་རྒྱུར་ཡུལ་གཉིས་དབར་གྲོས་མཐུན་བྱུང་བ་དེར་ད་ཆ་ཐའེ་ལེནྜི་ཡི་ཡང་མིག་དཔེ་ལྟ་ས་ཞིག་ཆགས་ཡོད་པའི་པའི་རྣམ་པར་རེས་གཟའ་སྤེན་པའི་ཉིན་ཐའེ་ལེནྜིའི་ཕྱི་སྲིད་བློན་ཆེན་ ཀ་སིཏི་ པི་རོམ་ཡ་(Kasit Piromya) ཡིས་ཨོ་སེ་ཀྲོ་ལི་ཡའི་ཕྱི་སྲིད་བློན་ཆེན་ཀེ་ལྦེན་ རརྡི་(Kevin Rudd) མཇལ་འཕྲད་སྐབས་གསུངས་ཡོད་འདུག། ཨོ་སེ་ཀྲོ་ལི་ཡས་དང་མ་ལི་ཤི་ཡའི་དབར་གྲོས་མཐུན་གང་བྱུང་བ་དེ་སླད་ཕྱིན་ཆད་ནས་རྒྱལ་ཁབ་གཞན་དག་གིས་མིག་དཔེ་ལྟ་སའི་གཞི་རྩ་ཞིག་ཆགས་ཡོད་ལུགས་གསུངས་གནང་འདུག། ཨོ་སེ་ཀྲོ་ལི་ཡའི་ནང་སྐྱབས་བཅོལ་ཞུ་མཁན་མང་ཆེ་བ་མ་ལེ་ཤི་ཡའི་ནང་གནས་པའི་བྷར་མའི་མི་རིགས་ཡིན་པ་དང་།དེ་དག་ཐའེ་ལེནྜི་བརྒྱུད་མཚོ་ཐོག་ནས་ཨོ་སོ་ཀྲོ་ཡའི་ནང་སྐྱབས་བཅོལ་ཞུ་བཞིན་པ་རེད། ཕྱི་ལོ་༢༠༡༠འགོ་སྟོད་ནས་ད་བར་སྐྱབས་བཅོལ་དེ་རིགསབདུན་སྟོང་བརྒྱད་བརྒྱ(་༧༨༠༠༠)་ལྷག་ཨོ་སེ་ཀྲོ་ལིའི་ནང་སྐྱབས་བཅོལ་ཞུས་ཡོད་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎