༸གོང་ས་མཆོག་ཕེ་རན་སིར་ཆིབས་བསྒྱུར་གནང་བ།

༸གོང་ས་མཆོག་ཕེརན་སིའི་རྒྱལ་ས’འི་གནམ་ཐང་ཐོག་འཛམ་གླིང་གི་ཆོས་ལུགས་ཁག་གི་དབུ་ཁྲིད་ཁག་ཅིག་གིས་ཕེབས་བསུ་ཞུས་འདུག

2008.08.12

༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕེརན་སིའི་རྒྱལ་སར་ཆིབས་བསྒྱུར་གནང་ཡོད་པ་དང་ པེསི་སིའི་རྒྱལ་སྤྱིའི་གནམ་ཐང་ཐོག་འཛམ་གླིང་གི་ཆོས་ལུགས་ཁག་གི་དབུ་ཁྲིད་ཁག་ཅིག་གིས་༸གོང་ས་མཆོག་ལ་ཕེབས་བསུ་ཞུས་ཡོད་པ་རེད་༸གོང་ས་མཆོག་གི་ཕེརན་སིའི་ནང་གི་ཉིན་ཞགས་བཅུ་གཉིས་རིང་གི་ཆོས་སྲིད་ཀྱི་མཛད་འཆར་དངོས་གཞི་དེ་སང་ཉིན་གཟའ་མིག་དམར་ཉིན་ཐོག་མར་ཕེརན་སིའི་རྒྱལ་ས་པེརི་སིའི་ལྷོ་ཕྱོགས་ཁུལ་གྱི་ཨེབ་རི་ཞེས་པའི་ས་གནས་དེར་རྟེན་གཞི་བྱས་པའི་ལྦི་ཏི་ནམ་གྱི་ནང་པའི་དགོན་པར་རབ་གནས་གནང་སྟེ་དབུ་འཛུགས་གནང་རྒྱུ་ཡིན་པ་རེད་གཟའ་ལྷག་པའི་ཉིན་༸གོང་ས་མཆོག་གིས་ཕེརན་སིའི་གྲོས་ཚོགས་ཀྱི་ཚོགས་མི་རྣམ་པ་ཚོ་དང་ལྷན་མཇལ་གནང་གཏན་འཁེལ་ཡོད་པ་རེད་ཟླ་བ་འདིའི་ཚེས་༢༢ཉིན་ཕེརན་སིའི་ལྷོ་ཕྱོགས་ཁུལ་ལ་ནང་པའི་ལྟེ་གནས་ཤིག་དབུ་འབྱེད་གནང་རྒྱུའི་མཛད་སྒོའི་སྐབས་སུ་ ཕེརན་སིའི་སྲིད་འཛིན་ ནི་ཀོ་ལ་སེ་ སར་ཀོ་ཛིའི་ཚབ་ཏུ་ཁོང་གི་སྐུ་ཟླ་ལྕམ་ ཁའར་ལ་སྦུརུ་ནི་ སར་ཀོ་ཛི་ ཡིས་༸གོང་ས་མཆོག་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད་ ༸གོང་ས་མཆོག་གི་ཕེ་རན་སིའི་ནང་གི་ཉིན་ཞགས་ ༡༢ རིང་གི་མཛད་འཆར་ཕལ་ཆེ་བ་པེ་རིསི་དང་ནེན་ཀྲེསི་ཟེར་བའི་ཕེརན་སིའི་ནུབ་ཕྱོགས་ཀྱི་གྲོང་ཁྱེར་སོགས་ནང་དད་ལྡན་ཆོས་ཞུ་བ་རྣམས་ལ་གསུང་ཆོས་སྩལ་གནང་མཛད་རྒྱུ་སོགས་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་རྒྱུ་ཡིན་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎