༸གོང་ས་མཆོག་ནས་བོད་ཀྱི་ཁོར་ཡུག་ཐོག་དོ་སྣང་གི་འབོད་སྐུལ།

༸གོང་ས་མཆོག་ནས་བོད་ནང་གི་ཁོར་ཡུག་ཉམས་དམས་སུ་འགྲོ་བའི་གནད་དེའི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དམིགས་བསལ་དོ་སྣང་དགོས།

2010.12.18

༄༅༎ལྦི་ཀི་ལིཀ་སི་Wikileaksཟེར་བ་དྲ་རྒྱའི་ཐོག་ཨ་རིའི་ཕྱིར་སྡོད་གཞུང་ཚབ་མི་སྣ་དང༌། ཨ་རིའི་དབུས་གཞུང་དབར་ཕན་ཚུན་འཕྲིན་གཏོང་བྱས་པའི་གནས་ཚུལ་དྲ་རྒྱའི་ཐོག་ཕྱིར་བསྒྲགས་བྱ་མཁན་དེས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང༌། རྒྱ་གར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་དབར་བཀའ་མོལ་བྱུང་བའི་གནས་ཚུལ་ཁག་ཅིག་ཨིན་ཇིའི་གའར་ཌིཡེན་གསར་ཤོག་གི་ནང་བཀོད་སྤེལ་བྱས་འདུག་ཅིང༌། དེའི་ནང༌། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཡོངས་གྲགས་སུ་འཛམ་གླིང་གི་སྣེ་གསུམ་པར་ངོས་འཛིན་བྱེད་པའི་བོད་ཀྱི་ས་མཐོའི་ཁོར་ཡུག་གི་གནས་བབས་སྲུང་སྐྱོབ་བྱ་རྒྱུ་ནི། ཆབ་སྲིད་ཀྱི་གནད་དོན་ལས་ཛ་དྲག་ཆེ་བ་ཡིན་པ་བཀའ་གནང་ཡོད་ལུགས་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ཀྲི་མི་ཐི་རོ་མར་གྱིས་ཨ་རིའི་གཞུང་ལ་ཕུལ་བའི་འཕྲིན་ཡིག་གི་ནང་གསལ་ཡོད་པ་རེད། ཨ་རིའི་གཞུང་ཚབ་ཆེན་མོས་སྐབས་དེར་ཕུལ་བའི་འཕྲིན་ཡིག་ནང༌། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིང་གི་ཚ་དྲོད་ཆེ་རུ་ཕྱིན་པས་རྐྱེན་གྱིས་བོད་ཀྱི་ས་མཐོའི་འཁྱགས་རོམ་བཞུར་བཞིན་ཡོད་པ་དང༌། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང༌ཤིང་ནགས་གཅོད་འབྲེག་དང༌། གཏེར་རྫས་བསྔོག་འདོན་ཤུགས་ཆེ་བྱེད་བཞིན་པའི་རྐྱེན་གྱིས་ཁོར་ཡུག་དང༌། གཙང་ཆུ་འབགས་བཙོག་བཟོ་བ་སོགས་ཀྱི་ཛ་དྲག་གི་གནས་སྟངས་ལ། རྒྱལ་སྤྱིའི་ཐོག་ནས་དམིགས་བསལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་སྐོར་དང༌། བོད་ཀྱི་ཆབ་སྲིད་དཀའ་རྙོག་སེལ་རྒྱུར་ལོ་ཤས་ངང་འགུག་ཐུབ་རྒྱུ་ཡང༌། བོད་ནང་གི་ཁོར་ཡུག་ཉམས་དམས་སུ་འགྲོ་བའི་གནད་དོན་དེ་དག་ཤིན་ཏུ་ཉེན་ཚབས་ཆེ་བའི་ཛ་དྲག་གི་གནས་ཚུལ་ཞིག་ཡིན་པར་བརྟེན། དོན་གནད་དེའི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དམིགས་བསལ་དོ་སྣང་དགོས་པའི་འབོད་སྐུལ་གནང་ཡོད་པའི་གནས་ཚུལ་བཀོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎