རྒྱ་ནག་གཞུང་གིས་གསར་འགྱུར་བརྒྱུད་ལམ་ལ་དམ་བསྒྲགས།

༸གོང་ས་མཆོག་གིས་རྒྱ་ནག་གཞུང་ནས་གསར་འགྱུར་བརྒྱུད་ལམ་ཐོག་དམ་བསྒྲགས་བྱས་པ་དེ་བཟང་སྤྱོད་དང་འགལ་བ་ཞིག་ཡིན་པའི་བཀའ།

2010.03.19

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་ནས་གསར་འགྱུར་བརྒྱུད་ལམ་ཐོག་དམ་བསྒྲགས་བྱས་པ་དེ་བཟང་སྤྱོད་དང་འགལ་བ་ཞིག་ཡིན་པ་བཀའ་སྩལ་འདུག

ཕྱི་ཚེས་༡༨ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་རྡི་ཡ་པར་རྡི་ཤིའི་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལྷན་ཚོགས་སུ་བཀའ་སློབ་གྲུབ་མཚམས་ཁུལ་དེར་ཕྱི་ནང་གསར་འགོད་པ་ཁག་ཅིག་འདུ་འཛོམས་བྱུང་བ་རྣམས་ལ་བཀའ་སློབ་སྩལ་དོན་ལ་རྒྱ་ནག་གཞུང་གིས་གསར་འགྱུར་བརྒྱུད་ལམ་ཐོག་དམ་བསྒྲགས་བྱེད་པ་དེ་བཟང་སྤྱོད་དང་ཡོངས་སུ་འགལ་བ་ཞིག་རེད་ རྒྱ་ནག་མི་མང་ཐེར་འབུམ་༡དང་ཚག་༣ཙམ་ཡོད་པ་ཚོར་བོད་ཀྱི་དངོས་ཡོད་གནས་སྟངས་ཤེས་རྒྱུར་ཐོབ་ཐང་ཡོད་ཅིང་དེར་བརྟེན་གནས་ཚུལ་འཁྱོག་བཤད་དང་དམ་བསྒྲགས་བྱས་པ་དེ་བཟང་སྤྱོད་དང་མི་མཐུན་པ་ཞིག་རེད་ཅེས་བཀའ་སྩལ་བའི་སྐོར་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག

ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གསརའགོད་པ་ཚོར་རྒྱ་ནག་གཞུང་གིས་གནས་ཚུལ་འཁྱོག་བཤད་དང་དམ་བསྒྲགས་བྱས་པ་དེས་འཛམ་གླིང་མི་མང་ཚོ་མགོ་སྐོར་བསླུ་བྲིད་བྱེད་ཐུབ་རྒྱུའི་ཚབ་ལ་རྒྱ་ནག་རང་གི་མི་མང་ཚོ་བསླུ་བྲིད་བྱེད་ཀྱི་ཡོད་ དེར་བརྟེན་རྒྱ་ནག་ནང་གསར་འགྱུར་བརྒྱུད་ལམ་གྱི་རང་དབང་ཆ་ཚང་དགོས་པ་ཆགས་ཡོད་ རྒྱ་ནག་མི་མང་ཚོར་གནས་ཚུལ་ངོ་མ་ཇི་ཡིན་ཤེས་རྒྱུའི་གོ་སྐབས་སྤྲོད་དགོས་པ་རེད་ཅེས་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་ནང་མང་གཙོ་དང་འབྲེལ་བའི་གནད་དོན་ཐོག་བཀའ་སྩལ་བའི་ནང་ གང་ཉིད་ཀྱིས་དུས་རྒྱུན་དུ་རྒྱ་ནག་ནང་ལམ་སེང་མང་གཙོའི་ལམ་ལུགས་ཐོག་བསྒྱུར་བཅོས་ཕྱིན་པ་ཡིན་ན་ཕན་གནོད་ཇི་འདྲ་ཡོད་མིན་དོགས་གཞིའི་གནད་དོན་ཞིག་ཡིན་པའི་དགོངས་པ་བཞེས་ཀྱི་ཡོད་པ་དང་ གལ་ཏེ་ད་ལྟའི་རྒྱ་ནག་གི་གཅིག་སྡུད་དབང་འཛིན་རིང་ལུགས་དེ་སྦོ་ལུག་པ་ཡིན་ན་ཟིང་འཁྲུག་ཆེན་པོ་ཞིག་ལངས་རྒྱུ་རེད་ དེ་འདྲའི་གནས་སྟངས་དེ་སུ་གང་ལའང་ཕན་ཐོགས་མེད་པ་ཞིག་ཆགས་ཡོད་ཅེས་དང་ དེར་བརྟེན་རྒྱ་ནག་ནང་ག་ལེར་མང་གཙོའི་ལམ་ལུགས་ཐོག་འགྱུར་བ་འགྲོ་རྒྱུ་ནི་ཐབས་ལམ་བཟང་ཤོས་རེད་ཅེས་བཀའ་སྩལ་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎