༸གོང་ས་མཆོག་གིས་རྒྱ་མིའི་ལོ་གསར་གྱི་འཚམས་འདྲི་གནང་བ།

༸གོང་ས་མཆོག་གིས་རྒྱ་མི་རིགས་ཚོར་ས་གླང་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་མཛའ་བརྩེའི་འཚམས་འཕྲིན་གནང་འདུག

2009.01.25

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་མི་རིགས་ཚོར་ས་གླང་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་མཛའ་བརྩེའི་འཚམས་འཕྲིན་གནང་འདུག

འདི་ཚེས་ཉི་ཤུ་ལྔར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཙོ་བོར་བྱས་པའི་འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་རྒྱ་མི་རིགས་སྤུན་ཟླ་རྣམས་ལ་རྒྱ་མིའི་ལོ་གསར་གྱི་དགའ་སྟོན་ལ་མཛའ་བརྩེའི་འཚམས་འདྲི་ཞུས་གནང་བ་དང་ཆབས་ཅིག་འདས་པའི་ལོའི་ནང་འཛམ་གླིང་སྤྱི་དང་ལྷག་དོན་དུ་རྒྱ་ནག་ནང་འབྱུང་བའི་གོད་ཆགས་སྣ་ཚོགས་ཤིག་བྱུང་ཡོད་པ་དེ་དག་མཚམས་འཇོག་ཡོང་བའི་ཐུགས་སྨོན་གནང་གི་ཡོད་ཅེས་བཀའ་གནང་འདུག ཡང་༸གོང་ས་མཆོག་གིས་རྒྱ་ནག་ལ་ལོ་ལྔ་སྟོང་ལྷག་གི་རྒྱལ་རབས་དང་རིག་གཞུང་གི་ལོ་རྒྱུས་བཟང་པོ་ཡོད་པ་དང་འཛམ་གླིང་ནང་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཡིན་པ་མ་ཟད་ཆབ་སྲིད་དང་དཔལ་འབྱོར་དམག་དོན་བཅས་ཀྱི་ཐད་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཆགས་ཡོད་རེད། འོན་ཀྱང་དེང་དུས་ཡར་ཐོན་ཅན་གྱི་སྤྱི་ཚོགས་ནང་རང་དབང་དང་ཁྲིམས་ཀྱི་ལམ་ལུགས་མེད་པར་སྟོབས་ཆེན་རྒྱལ་ཁབ་ཀྱི་འགན་འཁུར་ཚུལ་མཐུན་ཡོང་ཐབས་མེད་པར་བརྟེན་སྲིད་འཛིན་ཧུ་ཅིན་ཏའོ་ཡིས་སྤྱི་ཚོགས་ནང་འཆམ་མཐུན་འགྲིག་འཇགས་ཀྱི་སྲིད་བྱུས་དགོས་ལུགས་གསུངས་པ་བསྔགས་བརྗོད་ཀྱི་རང་བཞིན་ཡིན་ཡང་དེ་ལྟར་དངོས་སུ་ཡོང་བར་ཕན་ཚུན་ཡིད་ཆེས་དང་མཛའ་བརྩེ་དང་དྲང་བདེན་མེད་པར་བཙན་ཤེད་ཁོ་ནས་ཡོང་ཐབས་མེད་ལུགས་བཀའ་གནང་འདུག དུས་རབས་ཉེར་གཅིག་པ་འདི་གནས་འཕྲིན་གྱི་གསར་བརྗེ་ཆེན་པོ་འགྲོ་བཞིན་པའི་དུས་རབས་ཤིག་ཡིན་པར་བརྟེན་རྒྱ་ནག་གཞུང་གིས་ཀྱང་འགྱུར་ལྡོག་འདི་རིགས་འགོག་ཐབས་མེད་ལུགས་གསུངས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎