༸གོང་ས་མཆོག་གིས་རྒྱ་ནག་ལ་དགའ་ཞེན་ཡོད་བཀའ་གནང་བ།

རྒྱ་ནག་གི་དཔོན་རིགས་ཚོས་བོད་ནང་རིག་གཞུང་རྩ་མེད་ཀྱི་བྱ་སྤྱོད་ལག་བསྟར་བྱེད་བཞིན་པ་ཁས་ལེན་བྱེད་ཀྱི་མེད་པའི་སྐྱོན་བརྗོད་གནང་བ།

2010.02.23

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་མི་རི་ཀའི་སྐད་གྲགས་ཆེ་བའི་བརྙན་འཕྲིན་སི་ཨེན་ཨེན་CNNལས་རིམ་ཐོག་བཀའ་འདྲི་ཞུས་པའི་སྐབས། ༸གོང་ས་མཆོག་རྒྱ་ནག་ལ་དགའ་ཞེན་ཡོད་པ་དང། ཡིན་ནའང་རྒྱ་ནག་གི་ལྟ་བ་མཁྲེགས་བཟུང་ཅན་གྱི་དཔོན་རིགས་ཚོས་བོད་ནང་རིག་གཞུང་རྩ་མེད་ཀྱི་བྱ་སྤྱོད་ལག་བསྟར་བྱེད་བཞིན་པ་ཁས་ལེན་བྱེད་ཀྱི་མེད་པའི་སྐྱོན་བརྗོད་ཡང་གནང་ཡོད་པ་རེད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཟླ་བ་འདིའི་ཕྱི་ཚེས་༡༧ནས་༡༩བར་གྱི་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་གྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་ཨ་མི་རི་ཀའི་གྲོང་ཁྱེར་ལོ་སི་ཨེན་ཇེ་ལེ་སི་Los Angelesནང་ཞབས་སོར་འཁོད་པ་ལྟར། ཟླ་བ་འདིའི་ཕྱི་ཚེས་༢༢ རེས་གཟའ་ཟླ་བའི་ཕྱི་དྲོ་ཨ་མི་རི་ཀའི་སྐད་གྲགས་ཆེ་བའི་སི་ཨེན་ཨེན་CNNབརྙན་འཕྲིན་ལས་ཁང་གི་ལེ་རི་ཀིང་Larry Kingགི་ལས་རིམ་ཐོག་བཅར་འདྲི་དང་ལེན་གནང་སྐབས། རྒྱ་ནག་གཞུང་གི་ལྟ་བ་མཁྲེགས་བཟུང་ཅན་གྱི་དཔོན་རིགས་ཁག་ཅིག་གིས་འཛིན་པའི་སྲིད་ཇུས་དང། དུག་རྩུབ་ཅན་གྱི་སྲིད་ཇུས་དེ་རིགས་ཀྱིས་མཚམས་རེ་དུས་ཚོད་ཁྱུག་ཙམ་གཅིག་རིང་ལ་ཐུགས་དགོངས་མི་བདེ་དང་ཁོང་ཁྲོ་ལངས་དགོས་པ་ཡང་ཡོང་གི་འདུག འོན་ཀྱང་ངོས་ནས་ད་དུང་མུ་མཐུད་ནས་རྒྱ་ནག་ལ་དགའ་ཞེན་སྐྲུན་ཐབས་ཀྱི་འབད་བརྩོན་བྱེད་ཀྱི་ཡོད་ལ། ང་ཚོས་དེ་ལྟར་ངེས་པར་དུ་ཉམས་ལེན་དང་འབད་བརྩོན་ཡང་བྱེད་དགོས་ཀྱི་རེད་ཅེས་བཀའ་གནང་ཡོད་པ་རེད། ཟླ་བ་འདིའི་ཕྱི་ཚེས་༡༨ཉིན་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་མི་རི་ཀའི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་གནང་བ་དེར་རྒྱ་ནག་གཞུང་གིས་ཁོང་ཁྲོ་ཆེན་པོས་ཨ་རིའི་གཞུང་གིས་རྒྱ་ནག་གཅིག་ཁས་ལེན་བྱས་པ་དང། བོད་རང་བཙན་ལ་རྒྱབ་སྐྱོར་མེད་པའི་ཁས་ལེན་དང་འགལ་འཛོལ་བྱས་པ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་ཅིང། ཡིན་ནའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ནི། བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་མཉམ་གནས་བྱ་རྒྱུ་དེ་ནི་རྒྱ་མི་རིགས་དང་བོད་མི་རིགས་གཉིས་ཀའི་ཁེ་ཕན་ཞིག་ཡིན་པ་དུས་རྟག་ཏུ་གསུང་གི་ཡོད་པ་དང། ཡིན་ནའང་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་ལུགས་རང་དབང་དང་ཁོར་ཡུག་སྲུང་སྐྱོབ་ལ་འཛིན་པའི་སྲིད་ཇུས་རིགས་ལ་སྐྱོན་བརྗོད་དང་ཁ་ར་བྱེད་མཁན་ཡོད་པའི་སྐོར་བཀའ་གནང་སྟེ། བོད་ནང་ནས་གནས་ཚུལ་འབྱོར་བའི་ནང། རྒྱ་ནག་གཞུང་གིས། བོད་ཀྱི་རིག་གཞུང་གི་ཕྱོགས་ཡིན་ནའང་ཆོས་ལུགས་སོགས་ཀྱི་ཐོག་ལ་ཧ་ཅང་གི་དམ་བསྒྲགས་དང་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པའི་གནས་ཚུལ་གོ་ཐོས་ཡོང་གི་ཡོད་པ་བཀའ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎