༸གོང་ས་མཆོག་ནས་གསར་འགོད་ལྷན་ཚོཌ་ཐོག་གི་གསུང་གླེང༌།

༸གོང་ས་མཆོག་གིས་ཉེ་ཆར་རྒྱ་ནག་གཞུང་གིས་བོད་མི་གསུམ་ལ་ཚེ་བཙོན་དང་སྲོག་ཐོག་གི་ཉེས་ཆད་ཀྱི་ཁྲིམས་ཐག་བཅད་པ་དེར་སྐྱོན་བརྗོད།

2009.04.22

༄༅༎བོད་ཀྱི་རྒྱལ་ས་ལྷ་སའི་འབྲིང་རིམ་མི་མང་ཁྲིམས་ཁང་ནས་ན་ནིང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གི་དོན་རྐྱེན་སྐབས་ཚོང་ཁང་མེར་སྲེག་བཏང་ནས་མི་སྣ་རྐྱེན་འདས་སུ་ཕྱིན་པའི་ཉེས་བཙུགས་ཀྱིས་བོད་མི་གསུམ་ལ་ཚེ་བཙོན་དང་སྲོག་ཐོག་གི་ཉེས་ཆད་གཏོང་རྒྱུའི་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་པའི་རྗེས་དེ་རིང་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་གི་ཐག་གཅོད་དེར་སྐྱོན་བརྗོད་གནང་ཡོད་པ་རེད།

དེ་ཡང་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་རེས་རྒྱ་ནག་གཞུང་གི་ཁྲིམས་ཁང་གི་ཐག་གཅོད་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པས་ཁྲིམས་མེད་ཀྱི་སྒོ་ནས་མང་ཚོགས་ལ་བཏང་འཛིན་བྱེད་ཀྱི་ཡོད་པ་དེ་གསལ་པོ་མངོན་ཐུབ་པ་བྱུང་ཡོད་པ་རེད་ཅེས་བཀའ་གནང་ཡོད་པ་དང་༸གོང་ས་མཆོག་ནས་མུ་མཐུད་བཀའ་གནང་དོན་དངོས་འབྲེལ་བྱས་ནས་ཁྲིམས་ཁང་ཚང་མ་རྒྱ་ནག་དམར་ཤོག་ཚོགས་པའི་བཏང་འཛིན་འོག་གནས་ཡོད་པ་རེད། དེར་བརྟེན་ད་རེས་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དེ་དག་ཆ་ཚང་རྒྱ་ནག་གི་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་དམིགས་ཡུལ་གྲུབ་ཕྱིར་བྱས་པ་ཞིག་རེད་ཅེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་གནམ་ཐང་དུ་གསར་འགོད་པར་བཀའ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎