༸གོང་ས་མཆོག་ནས་རྒྱལ་སྤྱིའི་རྒྱ་བོད་ལྷན་ཚོཌ་ཐོག་གསུང་གླེང༌།

༸གོང་ས་མཆོག་ནས་ཇི་ནི་ལྦར་རྒྱལ་སྤྱིའི་རྒྱ་བོད་མི་སྣ་མཉམ་འདུས་ཀྱི་ལྷན་ཚོགས་ཐོག་བཀའ་སློབ་བཀྲིན་བསྩལ་གནང་ཡོད་པ་རེད།

2009.08.07

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཇི་ནི་ལྦར་རྒྱལ་སྤྱིའི་རྒྱ་བོད་མི་སྣ་མཉམ་འདུས་ཀྱི་ལྷན་ཚོགས་ཐོག་བཀའ་སློབ་བཀྲིན་བསྩལ་གནང་ཡོད་པ་རེད།

དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་ཚོགས་འདུའི་དབུ་ཁྲིད་རྣམ་པས་གཙོས་པའི་མི་སྣ་ཁག་ལ་འཚམས་འདྲི་གནང་བ་དང་སྦྲགས་ད་རེས་རྒྱལ་སྤྱིའི་འགྲིག་ཆགས་མཐུན་ཚོགས་དང་སུད་བོད་མཛའ་འབྲེལ་ཚོགས་པ་ཐུན་མོང་གིས་རྒྱ་བོད་ཚོགས་ཆེན་གཞི་རྒྱ་ཆེ་བ་ཞིག་བསྐོང་ཚོགས་གནང་བར་བསྔགས་བརྗོད་གནང་ཡོད་པ་རེད།

༸གོང་ས་མཆོག་གིས་མུ་མཐུད་བཀའ་སློབ་གནང་བར་གཞིགས་ན་ད་རེས་རྒྱ་བོད་ལྷན་ཚོགས་དེའི་བརྒྱུད་རིམ་ནས་རྒྱ་མི་རིགས་ཚོས་བོད་ཀྱི་དཀའ་རྙོག་དེ་འཚེ་མེད་ཞི་བའི་ཐབས་ལམ་ནས་སེལ་ཐབས་གནང་རྒྱུའི་དགོངས་པ་ཇི་ལྟར་ཡོད་མིན་ཐད་མཁྱེན་འདོད་ཆེན་པོ་ཡོད་ཅེས་བཀའ་གནང་ཡོད་པ་རེད།

༸གོང་ས་མཆོག་ནས་ན་ནིང་བོད་ནང་གཞི་རྒྱ་ཆེ་བའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཁྲོད་མཉམ་ཞུགས་གནང་མཁན་མང་ཆེ་བ་གཞོན་སྐྱེས་ཡིན་པ་དང་དེ་ག་ནང་བཞིན་ད་རེས་རྒྱ་བོད་གཉིས་ཀྱི་ལྷན་ཚོགས་ཐོག་མཉམ་ཞུགས་གནང་མཁན་ཡང་མང་ཆེ་བ་གཞོན་སྐྱེས་རེད་འདུག

དེར་བརྟེན་གཞོན་སྐྱེས་ཚོའི་ཁྲོད་དུ་མང་གཙོའི་ལྟ་བ་འཕེལ་རྒྱས་ཆེན་པོ་འགྲོ་བཞིན་ཡོད་པ་གསལ་པོ་ཞིག་ཡིན་པ་རེད་ཅེས་བཀའ་གནང་འདུག

ཡང་ཕྱོགས་གཞན་ཞིག་ནས་༸གོང་ས་མཆོག་གིས་ང་ཚོས་རྒྱ་ནག་གཞུང་ཕྱོགས་ཀྱི་ལྷན་དུ་འབྲེལ་མོལ་གནང་རྒྱུ་དེ་ཁག་པོ་ཆགས་འགྲོ་ཡི་འདུག

དེར་བརྟེན་ང་ཚོས་རྒྱ་མི་རིགས་ཚོའི་ལྷན་དུ་འབྲེལ་བ་ཞུ་ཡི་ཡོད། རྒྱ་མི་རིགས་རྩོམ་པ་པོ་དྲུག་བརྒྱ་ལྷག་ཙམ་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ལྟ་བ་དང་མི་འདྲ་བ་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་གནད་དོན་ཐོག་རྩོམ་བྲིས་མང་པོ་གནང་གི་ཡོད་པ་རེད། དེ་ཚོའི་བརྒྱུད་རིམ་ནས་ང་ཚོས་རྒྱ་བོད་གཉིས་ཁ་བྲལ་གྱི་ལས་འགུལ་མིན་པའི་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་གནང་རྒྱུ་ཡིན་ཞེས་བཀའ་གནང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་༸གོང་ས་མཆོག་ནས་རྒྱ་བོད་མི་རིགས་གཉིས་ནི་ཁྱིམ་མཚེས་དང་སྤུན་ཟླའི་འདུ་ཤེས་ཀྱིས་རྒྱུན་དུ་མཛའ་བརྩེ་མཉམ་གནས་ཀྱིས་ཕན་ཚུན་ཆོས་དང་རིག་གཞུང་སྤྱི་ཚོགས་དང་དཔལ་འབྱོར་བཅས་བཟང་པོའི་འབྲེལ་བ་ཡོད་པ་ལ་སོགས་པའི་རྒྱུན་གནས་ཡོད་པའི་སྤུན་གྲོགས་རྙིང་པ་ཞིག་ཡིན་པ་མ་ཟད་རྒྱ་ནག་ཏུ་ནང་ཆོས་སྔོན་དུ་དར་བས་བོད་རིགས་ནང་པ་རྣམས་ཀྱིས་རྒྱ་རིགས་ནང་པ་ཚོར་དགེ་ཕྲུག་རྒན་པའི་འདུ་ཤེས་ཀྱིས་གུས་བརྩི་དང་ཆེ་ཐོངས་བྱེད་ཀྱི་ཡོད་ལུགས་སོགས་རིམ་པས་བཀའ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎