རྒྱ་ནག་ནང་འགྱུར་བ་འགྲོ་ངེས་ཡིན་པ།
2010.12.16
༄༅༎བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་མི་མང་ལ་ཡིད་ཆེས་གནང་བཞིན་པ་དེར་འགྱུར་བ་གང་ཡང་ཕྱིན་མེད་སྐོར་བཀའ་སྩལ་གནང་མཛད་འདུག
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སྩལ་དོན་༧མགོན་པོ་གང་ཉིད་ནས་རྒྱ་ནག་མི་མང་ལ་ཡིད་ཆེས་གནང་བཞིན་པ་དེར་གཡོ་འགུལ་ལམ་འགྱུར་བ་གང་ཡང་ཕྱིན་མེད་པ་དང་ཕྱི་ལོ་༢༠༠༨་ལོར་བོད་ནང་བོད་མིའི་ཞི་རྒོལ་ཆེན་པོ་བྱུང་ནས་ལོ་གཉིས་ཕྱིན་པའི་རྗེས་སུ་རྒྱ་མིའི་གཙུག་ལག་སློབ་གྲ་ཆེན་མོའི་སློན་དཔོན་དང་རྩོམ་པ་པོ་གཙོས་པའི་རྒྱ་རིགས་མཁས་དབང་ཁག་གིས་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་རྩོམ་བྲིས་དང་ཆེད་རྩོམ་སོཌ་ཆིག་སྟོང་ལྷག་སྤེལ་པ་ཐུཌ་སྣང་བྱུང་ཞེས་དང་རྒྱ་རིགས་མཁས་དབང་དེ་དག་གིས་༧མགོན་པོ་གང་ཉིད་ནས་འཛིན་པའི་དབུ་མའི་ལམ་གྱི་བཞེངས་ཕྱོཌ་ལ་རྒྱབ་སྐྱོར་ཆ་ཚང་བ་ཞུས་པ་དང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ཁག་ལ་ངོ་རྒོལ་སྐྱོན་བརྗོད་བྱེད་བཞིན་པ་དེས་རྒྱ་ནག་མི་མང་གིས་བོད་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རྟགས་མཚན་གསལ་པོ་རེད་ དེས་ན་དབུ་མའི་ལམ་གྱི་བཞེངས་ཕྱོཌ་ལ་དོན་འབྲས་གལ་འགངས་ཆེན་པོ་སོན་ཡོད་པ་རེད་ཅེས་རྒྱ་ནག་གི་སྲིད་བློན་ལྦན་ཇ་འོ་རྒྱ་གར་ནང་གཟིཌ་སྐོར་དུ་ཕེབས་འབྱོར་མ་བྱུང་བའི་གོང་ངམ་གཟའ་མིག་དམར་ཉིན་རྒྱ་གར་བྱང་ཤར་མངའ་སྡེ་ནུབ་སྦེང་གོལ་ནང་གསར་འགོད་ལྷན་ཚོཌ་ཤིག་ཐོག་བཀའ་སྩལ་གནང་མཛད་འདུག ཡང་༧གོང་ས་མཆོག་གིས་རྒྱ་ནག་ནང་མང་གཙོ་འཕེལ་རྒྱས་འགྲོ་བཞིན་ཡོད་སྟབས་རྒྱ་ནག་ནང་འགྱུར་བ་འགྲོ་རྒྱུ་ངེས་པ་དང་འདི་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལེའུ་ཞ་ཕོ་ལ་བོད་མི་གཙོས་པའི་འཛམ་གླིང་ཡོངས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་རུང་ རྒྱ་ནག་གཞུང་གིས་ལེའུ་ཞ་ཕོ་ནི་མི་ཁྲིམས་འགལ་ནག་ཉེས་ཅན་ཡིན་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད་རེད་ ཡིན་ནའི་རྒྱ་ནག་ནང་བཟང་ཕྱོཌ་འགྱུར་བ་ཏན་ཏན་ཡོང་རྒྱུ་ཡིན་ལུཌ་ཀྱང་དེར་འདུས་གསར་འགོད་པ་ཚོར་བཀའ་མུ་མཐུད་ནས་སྩལ་གནང་མཛད་ཡོད་པའི་གནས་ཚུལ་འདུག།