རྒྱ་ནག་མི་དམངས་ལ་ཡིད་ཆེས་ཡོད་པ་འགྱུར་བ་མེད།
2010.12.21
༄༅༎བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་མི་མང་ལ་ཡིད་ཆེས་གནང་བཞིན་པ་དེར་འགྱུར་བ་གང་ཡང་མེད་པ་སླར་ཡང་བཀའ་གནང་འདུག
དེ་ཡང་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འབྲས་ལྗོངས་ར་ཝང་ལ་ཁུལ་དུ་བོད་རིགས་གཙོ་བོར་འགྱུར་བའི་སེར་སྐྱ་མང་ཚོགས་ལ་བླང་དོར་གྱི་བཀའ་སློབ་སྩལ་གནང་མཛད་པའི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༢༠༠༨་ལོར་བོད་ནང་བོད་མིའི་ཞི་རྒོལ་ཆེན་པོ་བྱུང་ནས་ལོ་གཉིས་ཕྱིན་པའི་རྗེས་སུ་རྒྱ་མིའི་གཙུག་ལག་སློབ་གྲ་ཆེན་མོའི་སློན་དཔོན་དང་རྩོམ་པ་པོ་གཙོས་པའི་རྒྱ་རིགས་མཁས་དབང་ཁག་གིས་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་རྩོམ་བྲིས་དང་ཆེད་རྩོམ་སོཌ་ཆིག་སྟོང་ལྷག་སྤེལ་པ་ཐུཌ་སྣང་བྱུང་ཞེས་དང་ དེ་དག་གི་ནང་ནས་རྩོམ་ཡིག་ཉིས་བརྒྱ་ཙམ་རྒྱ་ནག་རང་དུ་གནས་སྡོད་རྒྱ་རིགས་ཤེས་ཡོན་ཅན་པ་དང་མཁས་དབང་གིས་བྲིས་པ་ཡིན་པ་དང་ ཁོང་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་དང་ བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་འབྱུང་རྒྱུའི་ཐབས་ལམ་དུ་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་བཞེངས་ཕྱོཌ་ལ་རྒྱབ་སྐྱོར་ཆ་ཚང་བ་ཞུ་གི་ཡོད་པ་གསལ་བཤད་གནང་འདུག
ད་དུང་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་རང་བཙན་གྱི་དགོས་འདུན་ལ་རྒྱ་མི་ཚོས་རྒྱབ་སྐྱོར་ལས་སླར་པོར་བྱེད་ཐུབ་རྒྱུ་མིན་པ་དང་འོན་ཀྱང་དབུ་མའི་ལམ་གྱི་ཐབས་ལམ་འདི་ནི་རང་རྒྱལ་གཞན་ཕམ་གྱི་སྲིད་བྱུས་ཤིག་མིན་པར་དེ་ནི་བོད་རྒྱ་གཉིས་ཕན་ཞིག་ཡིན་སྟབས་བསམ་ཡོད་ཅན་པ་ཚོས་དེར་རྒྱབ་སྐྱོར་བྱེད་བདེ་པོ་ཡོད་པ་བཀའ་གནང་འདུག
ལྷག་པར་དུ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་བའི་དུས་ནང་རྒྱ་ནག་སྐམ་ས་ཆེན་པོ་ནས་རྒྱ་མི་མང་པོ་ཞིག་ཆེད་མངགས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཇལ་ཁར་བཅར་བའི་སྐབས་མིག་ནང་འཆིལ་མས་ཁེངས་སྟེ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་མི་རིགས་ཐུགས་བློས་ནམ་ཡང་མི་དོར་བའི་གསོལ་འདེབས་ཞུས་པ་དང་ རྒྱ་ནག་གཞུང་གིས་བོད་མི་ཚོར་བསམ་ཡུལ་ལས་འདས་པའི་སྡུག་བསྔལ་བཟོས་པར་དགོང་སེལ་ཞུ་གི་ཡོད་པ་འདི་ནི་བདེན་པ་ང་ཚོའི་ཕྱོགས་སུ་ཡོད་པ་གསལ་པོར་བཏོན་པ་ཞིག་ཡིན་པ་བཀའ་གནང་འདུག
ཡང་བོད་རིགས་གཞོན་སྐྱེས་ཚོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ བོད་པའི་ཁྱད་ཆོས་ལྡན་པའི་ཡ་རབས་བཟང་སྤྱོད་འབྱུང་ཐབས་ལ་ལྷོད་ཡངས་གཏོང་རྒྱུ་མེད་པ་དང་ བཙན་བྱོལ་ནང་ཡོད་པའི་བོད་པ་ཚོས་ཡུལ་མི་དང་མཐུན་ལམ་བཟང་པོ་བྱེད་དགོས་པའི་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད།