ཨོ་ལིམ་པིག་རིང་བོད་ནང་མུ་མཐུད་དྲག་གནོན་བྱེད་བཞིན་པ།

༸གོང་ས་མཆོག་གིས་རྒྱ་གཞུང་ནས་ཨོ་ལིམ་པིག་ཚོགས་པའི་དུས་སུའང་བོད་ནང་མུ་མཐུད་དྲག་གནོན་བྱེད་བཞིན་ཡོད་ལུགས་བཀའ་གནང་འདུག

2008.08.13

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཛད་འཆར་གཞིར་བཟུང་དེ་རིང་རེས་གཟའ་ལྷག་པའི་ཉིན་ཕེ་རན་སིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་ལྟར་ མཇལ་འཕྲད་གྲུབ་པའི་རྗེས་པེ་རི་སིའི་རྒྱལ་སའི་གྲོས་ཚོགས་འཐུས་མི་དང༌། དེ་སྔའི་ཁྲིམས་དོན་ཚན་པའི་བློན་ཆེན་ཟུར་པ་སྐུ་ཞབས་ རོ་སྦདྲ་ བདྲ་ནར་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་སྐབས་ཁོང་གིས། རྒྱ་ནག་ནང་དེང་སང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཀྱི་ཡོད་ཙང་བོད་ནང་དྲག་གནོན་བྱེད་རྒྱུ་མཚམས་འཇོག་བྱས་ཡོད་མེད་བཀའ་འདྲི་ཞུས་པའི་སྐབས་༸གོང་ས་མཆོག་གིས། འདི་ལོའི་ཕྱི་ཟླ་གསུམ་པ་ནས་བཟུང་བོད་ནང་འཛིན་བཟུང་དང༌། དམར་བསད་བཏང་བ། བོད་ནང་རྒྱ་མིའི་དཔུང་དམག་འགྲེམས་འཇོག་ཧ་ཅང་ཤུགས་ཆེན་པོ་བྱེད་བཞིན་པ་དེས་མུ་མཐུད་ནས་སེམས་ནང་དངངས་སྐྲག་དང་ཞེད་སྣང་ཡོད་པ་སོགས་ཀྱི་གནས་སྟངས་ད་ལྟའང་ཡོད་མུས་ཡིན་པ་ལས་འགྱུར་བ་གང་ཡང་ཐེབས་མེད་ལུགས་བཀའ་གནང་ཡོད་འདུག

དེ་དང་ཕྱོགས་མཚུངས་༸གོང་ས་མཆོག་གིས། བོད་ནང་རྒྱ་ནག་གཞུང་ནས་རྒྱ་རིགས་ཕོན་ཆེ་ཞིག་གཞིས་སྤོས་བྱེད་རྒྱུའི་འཆར་གཞི་གཏིང་བཞིན་ཡོད་པ་དེས་བོད་མི་གྲངས་ཉུང་མི་རིགས་སུ་འགྱུར་རྒྱུའི་ཉེན་ཁ་དང་ཐུགས་འཚབ་ཡོད་པའི་སྐོར་གསུངས་འདུག ༸གོང་ས་མཆོག་དང༌། གྲོས་ཚོགས་འཐུས་མི་རྣམས་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་རིང་མཇལ་འཕྲད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎