༸གོང་ས་མཆོག་དང་ཕ་རེནས྄་སྲིད་འཛིན་མཇལ།

༸གོང་ས་མཆོག་ནས་ཕ་རེན་སིའི་སྲིད་འཛིན་སར་ཀོ་ཛི་མཆོག་གིས་༸གོང་ས་མཆོག་དང་མཇལ་མོལ་གནང་བ་དེར་ཐུགས་རྗེ་ཆེ་ཞུས་གནང་འདུག

2008.12.07
༸གོང་ས་མཆོག་དང་ཕ་རེནས྄་སྲིད་འཛིན་གྱི་མཇལ་མོལ། ༸གོང་ས་མཆོག་ནས་ཕ་རེན་སིའི་སྲིད་འཛིན་སར་ཀོ་ཛི་མཆོག་གིས་༸གོང་ས་མཆོག་དང་མཇལ་མོལ་གནང་བཞིན་པ།
ཨེ་ཨེཕ་པི།

༄༅༎ཁ་ས་རེས་གཟའ་ཉི་མའི་ཉིན་པོའོ་ལེན་གྱི་གྲོང་ཁྱེར་ཀ་ར་ཀའོ་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གིས་སྐྱོན་བརྗོད་ཞུ་མིན་ལ་མ་ལྟོས་པར་ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཛི་མཆོག་གིས་༸གོང་ས་མཆོག་དང་མཇལ་མོལ་གནང་བ་དེར་ཐུགས་རྗེ་ཆེ་ཞུས་གནང་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པ་ཚོར་སར་ཀོ་ཛི་མཆོག་ནས་བོད་ལ་དོན་དམ་གྱི་ཤ་ཚ་དང་ཐུགས་འཚབ་ཡོད་པའི་རྣམ་འགྱུར་བསྟོན་གནང་བ་དེར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས་ཁོང་ལ་སྐུ་ངལ་དང་དཀའ་རྙོག་ཕྲན་བུའི་ཡོད་པའི་སྟབས་མི་བདེ་བའི་གནས་སྟངས་ཡོད་བཞིན་དུ་ཁོང་གིས་འགྱུར་བ་མེད་པའི་བཞེངས་ཕྱོགས་བརྟན་པོ་འཛིན་གནང་བ་དེ་ནི་དྲང་བདེན་གྱི་ཐབས་ལམ་ཞིག་ཡིན་སྐོར་བཀའ་གནང་འདུག རེས་གཟའ་སྤེན་པའི་ཉིན་༸གོང་ས་མཆོག་དང་ཕེ་རན་སིའི་སྲིད་འཛིན་སར་ཀོ་ཛི་རྣམ་གཉིས་དབར་མཇལ་འཕྲད་དངོས་སུ་བྱུང་བའི་ཐོག་དབུ་ཁྲིད་རྣམ་གཉིས་དབར་མཇལ་མོལ་ལྷུག་པོ་བྱུང་བའི་སྐོར་གསར་འགོད་པ་ཚོར་བཀའ་འགྲེལ་གནང་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་གནང་དོན་ལ་སར་ཀོ་ཛིས་ཕེ་རན་སི་ཡུལ་གྱི་སྲིད་འཛིན་གྱི་མཚན་འཁུར་བཞེས་པ་ནས་བཟུང་ཁོང་གིས་བོད་ཐོག་ཐུགས་སྣང་གསལ་བཏོན་གནང་ཡོད་པ་དང་རྣམ་གཉིས་དབར་གྱི་མཇལ་འཕྲད་གནང་རྒྱུར་ད་བར་དུས་འགྱངས་བྱུང་ཡོད་ནའང་ཁ་ས་གཞི་ནས་ངོས་མཇལ་ཐུབ་པ་བྱུང་སོང་དངོས་གཞི་བྱས་ན་ངོས་རང་དེ་སྔོནཕེ་རན་སི་ལ་ཡོང་བའི་སྐབས་ངོས་རང་ཐུགས་འཕྲད་ཆེད་ཁོང་གི་སྐུ་ཟླ་ཁའར་ལ་སྦུརུ་ནི་ཆེད་བཏང་གནང་བ་དང་ཆབས་ཅིག་ངོས་ལ་ཐུགས་བརྩེ་ཆེན་པོའི་འཚམས་འདྲི་ཡང་གནང་འདུག་ཅིང་༸གོང་ས་མཆོག་གིས་གསར་འགོད་པ་ཚོར་བཀའ་བསྩལ་གནང་མཛད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎