༸གོང་ས་མཆོག་ཨོ་སི་ཁྲོ་ལི་ཡའི་ནང་ཆིབས་བསྒྱུར་བསྐྱང་རྒྱུ།

ནིའུ་ཛི་ལེནཌ་ནང་གི་མཛད་འཆར་ཁག་གྲུབ་རྗེས་ཨོ་སི་ཁྲོ་ལི་ཡའི་ནང་དུ་ཆིབས་བསྒྱུར་བསྐྱང་རྒྱུ།

2011.06.08

༄༅༎སང་ཉིན་ནས་བཟུང་དུས་ཡུན་ཉིན་གྲངས་༡༡རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཁྲོ་ལི་ཡའི་ནང་ཆིབས་བསྒྱུར་བསྐྱངས་གནང་མཛད་ཀྱི་ཡོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཁྲོ་ལི་ཡའི་ནང་ཆིབས་བསྒྱུར་བསྐྱངས་རིང་ཨོ་སི་ཁྲོ་ལི་ཡའི་ཕྱོགས་གལ་ཚོགས་པའི་དབུ་ཁྲིད་ཀྲོ་ནི་ཨེ་སྦོཏ་མཆོག་ནས་གཟའ་འཁོར་རྗེས་མའི་གཟའ་མིག་དམར་ཉིན་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་ཕྱིར་བསྒྲགས་གནང་ཡོད་པ་དང་།  དེ་བཞིན་༸གོང་ས་མཆོག་དང་ལྗང་ཁུ་ཚོགས་པའི་ཚོགས་གཙོ་སྦོབ་སྦ་རའོན་མཆོག་དང་། དེ་མིན་ཨོ་སི་ཁྲོ་ལི་ཡའི་ངལ་རྩོལ་ཚོགས་པ་དང་བཅིངས་བཀྲོལ་ཚོགས་པ་སོགས་སྲིད་དོན་ཚོགས་པའི་དཔོན་རིགས་དང་ གྲོས་ཚོགས་ཀྱི་འཐུས་མི་སོགས་སྲིད་དོན་མི་སྣ་མང་པོ་ཞིག་དང་མཇལ་འཕྲད་གནང་འཆར་ཡོད་ཀྱང་། ད་ལྟའི་ཆར་ཨོ་སི་ཁྲོ་ལི་ཡའི་སྲིད་བློན་ཇུ་ལི་ཡ་ཇི་ལའདྲ་མཆོག་ནས་ད་ལྟ་ཡང་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་མིན་ཁ་གསལ་ཕྱིར་བསྒྲགས་གང་ཡང་གནང་མེད་པར་བརྟེན་ཨོ་སི་ཁྲོ་རི་ཡའི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཨོ་སི་ཁྲོ་རི་ཡ་གཞུང་གི་དཔོན་རིགས་དང་༸གོང་ས་མཆོག་དབར་མཇལ་འཕྲད་གནང་རྒྱུར་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲོད་མིན་ལ་མ་ལྟོས་པར་ ཨོ་སི་ཁྲོ་ལི་ཡའི་སྲིད་བློན་ནས་༸གོང་ས་མཆོག་མཇལ་འཕྲད་གནང་དགོས་པ་དེ་རིང་གཟའ་ལྷག་པའི་ཉིན་འབོད་སྐུལ་ཞུས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎