བོད་དུ་ཀིརྟི་དགོན་དམ་བསྒྲགས་བཀག་སྡོམ།
2011.03.17
༄༅༎ཁ་ས་ཚེས་༡༦ཉིན་མདོ་སྨད་རྔ་པ་ཁུལ་གྱི་ཀིརྟི་དགོན་པའི་དགེ་འདུན་པ་ཕུན་ཚོགས་ལགས་ཞུ་བས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་ རང་ལུས་མེར་བསྲེག་བཏང་སྟེ་འདས་གྲོངས་སུ་གྱུར་རྗེས་ ས་གནས་ཉེན་རྟོག་མི་སྣས་ད་ཆ་ཀིརྟི་དགོན་པ་དམ་བསྒྲགས་བཀག་སྡོམ་འོག་བཅུགས་ཡོད་པའི་གནས་ཚུལ་ཐོན་འདུག་༎
ཀིརྟི་དགོན་པའི་ཉེ་འགྲམས་སུ་ཡོད་པའི་མགྲོན་ཁང་གི་ལས་བྱེད་པ་ཞིག་ནས་ཕེརན་སི་གསར་ལས་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་པར་གཞིགས་ན་ དགེ་འདུན་པ་ཕུན་ཚོགས་ལགས་ནས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་ཕྱིན་པའི་རྗེས་ས་གནས་ཀྱི་བོད་མི་སྟོང་འཚོ་བརྒལ་བས་ངོ་རྒོལ་གྱི་རྣམ་མ་མཚོན་པའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བའི་རྐྱེན་གྱིས་ ད་ཆ་ཁུལ་དེའི་ནང་རྒྱ་མིའི་དམག་དཔུང་འབོར་ཆེན་ཆེད་གཏོང་བྱས་ཡོད་པ་མ་ཟད་ཀིརྟི་དགོན་པའི་གཞུང་ལམ་རྒྱུད་ ཉེན་རྟོག་མི་སྣ་འགྲེམས་འཇོག་བྱས་ཤིང་ དགེ་འདུན་པ་རྣམས་དགོན་པ་ནས་ ཕར་འགྲོ་ཚུ་འོང་བཀག་སྡོམ་བྱས་ཡོད་པ་རེད་༎