རྒྱ་ནག་གཞུང་གིས་བོད་མི་གསུམ་ལ་ཁྲིམས་བཅད།

རྒྱ་གཞུང་གིས་བོད་མི་གསུམ་ལ་ཚེ་བཙོན་དང་སྲོག་ཐོག་གི་ཉེས་ཆད་ཐག་ཆོད་དེར་བཙན་བྱོལ་བོད་མི་དམངས་སྤྱི་འཐུས་ལྷན་ཁང་གིས་སྐྱོན་བརྗོད།

2009.04.21

༄༅༎བོད་ཀྱི་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ན་ནིང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གི་ཟིང་ཆའི་དོན་རྐྱེན་སྐབས་ཚོང་ཁང་མེར་བསྲེགས་བཏང་སྟེ་མི་དྲུག་རྐྱེན་ལམ་དུ་ཕྱིན་པའི་ནག་ཉེས་ཉེས་འཛུགས་ཀྱིས་བོད་མི་གསུམ་ལ་ཚེ་བཙོན་དང་སྲོག་ཐོག་གི་ཉེས་ཆད་ཐག་གཅོད་བྱས་པའི་གནས་ཚུལ་སྤེལ་བའི་རྗེས་བཙན་བྱོལ་བོད་མི་དམངས་སྤྱི་འཐུས་ལྷན་ཁང་གིས་རྒྱ་ནག་གཞུང་གི་བྱ་སྤྱོད་དེར་སྐྱོན་བརྗོད་གནང་ཡོད་པ་རེད།

བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང་རྒྱ་ནག་གི་གསར་ཤོག་ཐོག་ལ་བོད་ཀྱི་ས་སྐྱ་ཁུལ་ནས་ཡིན་པའི་ཕན་སྐྱིད་ལ་ལོ་གཉིས་ཀྱི་རྗེས་སུ་སྲོག་ཐོག་གི་ཉེས་ཆད་བཏང་བ་དང་དེ་བཞིན་གྱི་སྙེ་མོ་ཁུལ་ནས་ཡིན་པའི་ཕན་སྐྱིད་ལ་ཚེ་བཙོན་དང་འཆི་མེད་ལྷ་མོ་ལ་ལོ་བཅུའི་བཙོན་འཇུག་གི་ཉེས་ཆད་ཐག་གཅོད་བྱས་པའི་གནས་ཚུལ་གསལ་བསྒྲགས་བྱས་ཡོད་ཀྱང་ཁོང་གསུམ་ལ་ཉེས་ཆད་ཐག་གཅོད་བྱས་པའི་དུས་ཚོད་ག་དུས་ཡིན་མིན་བཤད་མེད་པའི་སྐོར་དང་བཙན་བྱོལ་བོད་མིའི་སྤྱི་འཐུས་ལྷན་ཁང་གི་ཐོག་ནས་བོད་ཀྱི་ས་སྐྱ་ནས་ཡིན་པའི་ཕན་སྐྱིད་ལགས་སུ་ལོ་གཉིས་ཀྱི་རྗེས་སུ་སྲོག་ཐོག་གཏོང་རྒྱུའི་ཐག་གཅོད་བྱས་པ་དེ་དྲང་བདེན་མ་ཡིན་པ་དང་ན་ནིང་བོད་ས་ཁྱོན་ཡོངས་སུ་རྒྱ་ནག་གཞུང་གི་བྱ་སྤྱོད་ཐོག་འུ་ཐུག་ཐབས་ཟད་ཀྱི་ངོ་རྒོལ་ལས་འགུལ་སྤེལ་བར་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱས་ཏེ་བོད་མི་དམངས་ཀྱི་སེམས་ལ་རྨ་ཁ་བཟོས་པའ་དེ་ཆེ་རུ་གཏོང་བའི་བྱ་སྤྱོད་ཅིག་ཡིན་པ་མ་ཟད་བྱ་སྤྱོད་དེ་ཡིས་བོད་ཀྱི་དཀའ་རྙོག་ཞི་བའི་ཐབས་ལམ་ཐོག་ནས་སེལ་ཐབས་བྱེད་པའི་ལས་དོན་ལ་འགོག་རྐྱེན་དང་བོད་མིའི་བསམ་བློར་གནོད་འཚེ་བཟོ་བའི་སྲིད་ཇུས་ནོར་འཁྲུལ་ཞིག་ཡིན་པར་བརྟེན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ནང་གི་སྲིད་གཞུང་ཁག་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལས་ཁང་ཁག་སོགས་ཞི་བདེར་དགའ་བའི་འཛམ་གླིང་མི་དམངས་ཚོས་བོད་ནང་གི་བོད་མིའི་ཐོག་དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་ཁྲིམས་བཤེར་ཡོང་ཐབས་ཀྱི་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཐབས་ཡོང་བའི་འབོད་སྐུལ་ཞུ་གི་ཡོད་ཅེས་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎