འཛམ་གླིང་ས་ཕྱོགས་གང་སར་དྲུག་བཞིའི་དུས་དྲན་ལ་སྲུང་བརྩི།

དྲུག་བཞིའི་དོན་རྐྱེན་བྱུང་སྟེ་ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་གྱི་ཉིན་མོར་འཛམ་གླིང་ས་ཕྱོགས་གང་སར་དུས་དྲན་དེ་སྲུང་བརྩི་ཞུ་རྒྱུའི་འཆར་གཞི།

2009.06.03

༄༅༎དྲུག་པའི་ཚེས་བཞིའི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་རྒྱ་ནག་གི་སློབ་ཕྲུག་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་གྱི་ཉིན་མོར་འཛམ་གླིང་ས་ཕྱོགས་གང་སར་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་དུས་དྲན་སྲུང་བརྩི་ཞུ་རྒྱུའི་འཆར་གཞི་ཡོད་པ་རེད།

ས་ཉིན་ཕྱི་ཟླ་དྲུག་པའི་ཚེས་བཞི་ཉིན་མོ་དེ་ནི་དེ་སྔ་ཕྱི་ལོ་༡༩༨༩ལོའི་ཕྱི་ཟླ་དྲུག་པའི་ཚེས་བཞི་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་སློབ་ཕྲུག་ཚོས་མང་གཙོའི་ལས་འགུལ་སྤལེ་ནས་ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་གྱི་ཉིན་མོ་འཁེལ་གྱི་ཡོད་སྟབས་དེ་ཉིན་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་མང་གཙོ་ལ་དགའ་བའི་མི་མང་ཚོས་དྲན་རྟེན་གྱི་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་གནང་རྒྱུ་ཡིན་པ་རེད། ལས་འགུལ་དེ་བཞིན་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་གཙོ་བོར་འགྱུར་བའི་ཨ་མི་རི་ཀའི་ས་གནས་མི་འདྲ་ཁག་དང་དེ་བཞིན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དང་ཕེ་རན་སིའི་རྒྱལ་ས་པེ་རི་སི།ཧོང་ཀོང༌།ཉི་ཧོང༌།ཨི་སི་རེལ།ཡུཀ་རེན་སོགས་འཛམ་གླིང་རྒྱལ་ཁབ་ཁག་མི་འདྲ་བའི་ནང་དེ་ཉིན་སྲུང་བརྩི་གཟབ་རྒྱས་ཞུ་གནང་རྒྱུ་ཡིན་པ་རེད། ལས་འགུལ་དེ་སྐབས་དེར་རྒྱ་ནག་ནང་ལས་འགུལ་ཐོག་མཉམ་ཞུགས་གནང་མཁན་དེང་སྐབས་ཕྱིའི་རྒྱལ་ཁབ་ཁག་ནང་བཙན་བྱོལ་དུ་ཕེབས་པའི་རྒྱ་མི་རིགས་མང་གཙོ་དོན་གཉེར་བ་ཁག་ནས་གོ་སྒྲིག་གནང་རྒྱུའི་ཐོག་འཛམ་གླིང་ས་ཕྱོགས་གང་ས་ནས་མང་གཙོ་དང་རང་དབང་ལ་དགའ་བའི་མི་མང་སྟོང་ཕྲག་མང་པོ་དེ་ཉིན་གྱི་ལས་འགུལ་ནང་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད། ལྷག་པར་དུ་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐབས་དེར་ནེ་ཐར་ལེན་ཌི་ནང་ཆིབས་བསྒྱུར་བཀྲིན་བསྐྱང་གནང་བཞིན་ཡོད་པས་༸གོང་ས་མཆོག་གིས་ཀྱང་དེ་ཉིན་དམངས་ཁྲོད་དུ་བཀའ་སློབ་བཀྲིན་བསྐྱང་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་ཐོན་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎