རང་སྲིད་རང་སྐྱོང་གི་བསམ་འཆར་ལ་རྒྱ་ནག་ཕྱོགས་ནས་ལན་མེད།

བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་བསམ་འཆར་ལ་རྒྱ་ནག་ཕྱོགས་ནས་དེར་དེ་བྱས་དེ་མིན་གྱི་ལན་གསལ་གང་ཡང་འབྱོར་མེད་པ་རེད།

2009.01.18

༄༅༎རེས་གཟའ་སྤེན་པའི་ཉིན་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བར་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་གཉིས་རྒྱ་ནག་ཏུ་བོད་རྒྱ་འབྲེལ་མོལ་གནང་བར་ཕེབས་པའི་སྐབས་༸གོང་ས་མཆོག་གི་དགོངས་གཞི་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་སྐོར་གྱི་བསམ་འཆར་འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་ལ་ཕུལ་ནས་ཟླ་བ་གཉིས་ལྷག་ཙམ་འགྲོ་གི་ཡོད་ཀྱང་རྒྱ་ནག་ཕྱོགས་ནས་དེར་དེ་བྱས་དེ་མིན་གྱི་ལན་གསལ་གང་ཡང་འབྱོར་མ་བྱུང་ཞེས་གསུངས་ཡོད་པ་རེད།

དེ་ཡང་ཟླ་བ་འདིའི་ཕྱི་ཚེས་བཅུ་བདུན་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཚོགས་པའི་ཆོས་ལུགས་ཁག་གི་ལྷན་ཚོགས་ཐོག་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་ཞུགས་གནང་ཡོད་པ་དང་ལྷན་ཚོགས་འདིའི་ཐོག་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་གིས་གསུངས་པར་ཁ་སྔོན་ཕྱི་ཟླ་བཅུ་གཅིག་པའི་ནང་༸གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་རྒྱ་ནག་ཏུ་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པ་གནང་བར་ཕེབས་པའི་སྐབས་རྒྱ་ནག་ལ་ཕུལ་བའི་བོད་མིའི་མངོན་འདོད་མིང་དོན་མཚུངས་པའི་རང་སྐྱོང་སྐོར་གྱི་བསམ་འཆར་ཕུལ་བ་དེར་བཙན་བྱོལ་བོད་གཞུང་ལ་ལན་འདེབས་གང་ཡང་མ་བྱས་པར་བསམ་འཆར་དེའི་ནང་དོན་ཐད་ལ་རྒྱ་ནག་གཞུང་གི་ལྟ་ཚུལ་རྣམས་འགྲེལ་བརྗོད་བྱེད་དུ་རྒྱ་ནག་གི་སྐུ་ཚབ་ཕྱིའི་རྒྱལ་ཁབ་ཡོ་རོབ་དང་ཨ་མི་རི་ཀ་སོགས་སུ་ཆེད་གཏོང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཡ་མཚན་སྐྱེས་དགོས་པ་ཞིག་དང་ང་ཚོས་རྒྱ་ནག་གི་དཔོན་རིགས་ལ་ཕུལ་བའི་བསམ་འཆར་དེའི་ནང་དུ་བོད་དེར་རང་བཙན་མི་དགོས་ཡིན་ནའང་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་མ་ཉམས་རྒྱུན་འཛིན་བྱ་རྒྱུའི་ཆེད་དུ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་འབད་བརྩོན་གནང་གི་ཡོད་པའི་རྒྱུ་མཚན་འགྲེལ་བརྗོད་གནང་ཡོད་ཅེས་གསུངས་ཡོད་པ་རེད། ཁ་སྔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ད་ཆ་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་དཔོན་རིགས་ལྷན་དུ་འབྲེལ་ལམ་བྱ་རྒྱུ་ཁག་ཏུ་འགྲོ་བཞིན་ཡོད་པ་དང་༸གོང་ས་མཆོག་གིས་རྒྱ་ནག་དཔོན་རིགས་ཐོག་ལའང་ཡིད་ཆེས་ཀྱང་སྲབ་ཏུ་སྲབ་ཏུ་འགྲོ་གི་འདུག་ཅེས་བཀའ་གནང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎