བོད་ནང་བོད་དོན་ལས་འགུལ་བ་གཞོན་སྐྱེས་གསུམ།

བོད་ཁམས་ན་གཞོན་གསུམ་གྱིས་བོད་དོན་ཆེད་སྦྱར་ཡིག་སྦྱར་བ་དང་འགྲེམས་སྤེལ་བྱས་ནས་ལས་དོན་སྣ་ཚོགས་ཤིག་སྤེལ་ཡོད་པ་རེད།

2011.03.28

༄༅༎ཉེ་སྔོན་བོད་ཀྱི་ལོ་གསར་གྱི་ཚེས་༢ཉིན་ཁམས་རྫ་ཁོག་ག་ཡུལ་གྲོང་སྡེའི་ན་གཞོན་གསུམ་གྱིས་བོད་དོན་ཆེད་སྦྱར་ཡིག་སྦྱར་བ་དང་འགྲེམས་སྤེལ་བྱས་ནས་ལས་དོན་སྣ་ཚོགས་ཤིག་སྤེལ་ཡོད་པ་རེད་ སྦྱར་ཡིག་དེ་དག་ནང་ང་ཚོ་བོད་ལ་རང་དབང་དགོས་ཞེས་དང་རྒྱལ་བ་རིན་པོ་ཆེ་བོད་ནང་གདན་འདྲེན་ཞུ་དགོས་པའི་དགོས་འདུན་བཏོན་ཡོད་པ་མ་ཟད་སྦྱར་ཡིག་དེ་དག་ནང་ཁོང་རྣམ་པའི་མིང་ཡང་གསལ་བཀོད་གནང་ཡོད་པ་རེད་ ཞི་རྒོལ་ནང་ཞུགས་མཁན་ན་གཞོན་གསུམ་པོ་དེ་དག་ནི་རང་ལོ་༢༥ལ་སླེབས་པའི་ཚེ་རིང་སྐྱིད་པོ་དང་རང་ལོ་༣༠སླེབས་པའི་བློ་བཟང་ཐུབ་བསྟན་དང་རང་ལོ་༣༣ལ་སླེབས་པའི་བྱམས་པ་དངོས་གྲུབ་བཅས་ཡིན་པ་རེད་ ཁོང་གསུམ་རྒྱ་ནག་གཞུང་གིས་འཛིན་བཟུང་ཆེད་བརྡ་ཁྱབ་བཏང་ཟིན་ཡོད་པ་དང་ཤི་སོན་ཇི་ཡིན་གནས་ཚུལ་ཁ་གསལ་མེད་པ་རེད་

རྒྱ་གཞུང་གིས་ཁོང་གསུམ་གྱི་ཚབ་ཏུ་ཚེ་རིང་སྐྱིད་པོའི་ཕ་སངས་དཔའ་དང་བྱམས་པ་དངོས་གྲུབ་ཀྱི་སྤུན་མཆེད་རྨོ་ལྕགས་གཉིས་འཛིན་བཟུང་བཀའ་ཉར་བྱས་ཡོད་པ་རེད་ དེ་མ་ཟད་ཁོང་གསུམ་གྱི་ཁྱིམ་ཚང་སོ་སོར་ཉེས་ཆད་རྒྱ་སྒོར་ཁྲི་གཉིས་རེ་བཅད་ཡོད་པ་རེད་ གོང་ཞུས་ཁམས་རྫ་ཁོག་ག་ཡུལ་གྲོང་སྡེའི་བོད་མི་གཞོན་སྐྱེས་དེ་དག་ཕྱི་ལོ་༢༠༠༨ལོའི་ས་བྱིའི་ལོའི་བོད་མིའི་ཞི་རྒོལ་དེའི་ནང་ཡང་ཞུགས་གནང་ཡོད་པའི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎