རྒྱ་ནག་ཏུ་དྲུག་བཞིའི་དྲན་སོར་བཀག་སྡོམ།

དྲུག་བཞིའི་དྲན་གསོའི་ཉི་མོར་མང་ཚོགས་འཕྲོད་ནས་དྲན་རྟེན་སྲུང་བརྩི་ཞུ་ཐབས་ཀྱི་ལས་འཆར་ཡོངས་རྫོགས་བཀག་སྡོམ་བྱ་བཞིན་ཡོད་འདུག

2009.06.04

༄༅༎རྒྱ་ནག་གཞུང་གིས་དེ་རིང་པེ་ཅིང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་སྟེང་བདེ་འཇགས་མི་སྣ་དང་ཉེན་རྟོག་པ་བརྒྱ་ཕྲག་མང་པོ་འགྲེམས་འཇོག་བྱས་ཏེ་གནམ་བདེ་སྒོ་མོ་ཆེའི་དམངས་གཙོ་ལས་འགུལ་གྱི་ཉི་མོར་མང་ཚོགས་འཕྲོད་ནས་དྲན་རྟེན་སྲུང་བརྩི་ཞུ་ཐབས་ཀྱི་ལས་འཆར་ཡོངས་རྫོགས་བཀག་སྡོམ་བྱ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

དེ་རིང་དྲུག་པའི་ཚེས་བཞི་དེ་བཞིན་དེ་སྔ་༡༩༨༩ལོར་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་སྟེང་གཙོ་བོ་སློབ་ཕྲུག་གིས་སྣེ་འཁྲིད་པའི་རྒྱ་ནག་ནང་མང་ཚོགས་ཀྱིས་དམངས་གཙོའི་བཅོས་བསྒྱུར་དགོས་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ལོ་ངོ་ཉི་ཤུ་ཧྲིལ་པོ་འཁོར་གྱི་ཡོད་པ་རེད། ལས་འགུལ་དེའི་ཁྲོད་རྒྱ་ནག་གཞུང་གིས་མི་གསོད་ཁྲག་སྦྱོར་གྱི་དྲག་གནོན་འོག་མི་མང་བརྒྱ་ཕྲག་མང་པོ་དམར་བསད་དང་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་མ་ཟད་ད་ཕན་རྒྱ་ནག་ནང་ཁུལ་དང་ཕྱི་ཕྱོགས་ཀྱི་གནོན་ཤུགས་སྤྲོད་མིན་ལ་མ་ལྟོས་པར་རྒྱ་ནག་གཞུང་ཕྱོགས་ནས་གནམ་བདེ་སྒོ་མོ་ཆེའི་དམངས་གཙོ་ལས་འགུལ་ཁྲོད་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ལ་ཞིབ་འཇུག་དང་ཡང་ན་ནོར་འཁྲུལ་སོགས་ངོས་ལེན་གང་ཡང་བྱེད་ཀྱི་མེད་པ་རེད། དེ་རིང་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་གྱི་ལོ་ངོ་ཉི་ཤུ་འཁོར་བའི་དུས་ཚེས་ཉིན་རྒྱལ་སྤྱིའི་ཡུལ་ཁག་གང་སར་མི་མང་ཁྲི་ཚོ་མང་པོས་དྲན་རྟེན་གྱི་ཉིན་མོ་སྲུང་བརྩི་ཞུ་གི་ཡོད་རུང་རྒྱ་ནག་གི་ས་ཁུལ་ནང་ཧོང་ཀོང་ཙམ་མ་གཏོགས་གཞན་རྒྱ་ནག་ཁྱོན་ཡོངས་སུ་དྲན་རྟེན་སྲུང་བརྩི་ཞུ་རྒྱུའི་ལས་དོན་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་པ་རེད། རྒྱ་ནག་གི་རྒྱལ་ས་པེ་ཅིང་ལྟ་བུར་མཚོན་ན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་ཉེན་རྟོག་དང་བདེ་འཇགས་མི་སྣ་བརྒྱ་ཕྲག་མང་པོ་འགྲེམས་འཇོག་བྱས་ཏེ་རྒྱ་རིགས་དང་ཕྱི་རྒྱལ་ཡུལ་བསྐོར་སྤྲོ་འཆམ་པ་ཚོར་ལུས་བཤེར་བྱེད་པ་དང་དེ་བཞིན་ཕྱི་རྒྱལ་གསར་འགྱུར་བརྒྱུད་ལམ་ཁག་ཀྱང་དེ་རིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་འཛུལ་ཞུགས་བྱ་རྒྱུ་བཀག་སྡོམ་བྱས་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎