རྒྱ་ནག་ནང་སྔར་དང་མི་འདྲ་བའི་དམ་བསྒྲགས་བྱེད་བཞིན་པ།

རྒྱ་ནག་གཞུང་གི་ཉེན་རྟོག་པས་གཞུང་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱེད་མཁན་གྱི་མི་སྣ་འཛིན་བཟུང་བྱེད་པའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

2011.06.04

༄༅༎ཕྱི་ལོ་ ༡༩༨༩ ལོའི་ཟླ་བ་ ༦ ཚེས་ ༤ ཉིནརྒྱ་ནག་གི་རྒྱལ་ས་པེ་ཅིང་གི་གནམ་སྡེ་སྒོ་མོ་ཕྱེའི་མདུན་ཐང་དུམང་གཙོའི་ལས་འགུལ་སྤེལ་ཏེ། ལོ་ངོ་ ༢༢ འཁོར་བའི་དུས་ཚིགས་དེའི་སྔ་ནུབ་ཏུ། རྒྱ་ནག་གཞུང་གི་ཉེན་རྟོག་པས་གཞུང་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱེད་མཁན་གྱི་མི་སྣ་འཛིན་བཟུང་བྱེད་པའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

རྣམ་ཀུན་ནས་དུས་ཚིགས་འདི་སླེབས་ལ་ཉེ་བའི་སྐབསགཞུང་དང་ལྟ་བ་མི་མཐུན་མཁན་གྱི་མི་ཚོའི་འགྲོ་སྡུག་གི་བྱ་བཞག་ཐོག་དོ་དམ་ཡོང་གི་ཡོད་ན་ཡང་འདི་ལོ་རྒྱ་ནག་གཞུང་གི་དམ་དྲག་བྱེད་ཕྱོགས་དེ་ལོ་མང་པོའི་ནང་བྱུང་མྱོང་མེད་པའི་ཧ་ལས་པའི་དམ་དྲག་ཆེན་པོ་ཞིག་བྱེད་བཞིན་ཡོད་པ་རེད།  ལྷག་པར་དུ་འདས་པའི་ཟླ་བ་བཞིའི་རིང་གི་དུས་ཡུན་དེའི་ནང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཁྲིམས་རྩོད་པདྲ་རྒྱའི་ཐོག་ཟིན་བྲིས་འགོད་མཁན་ལ་སོགས་པ་མི་བརྒྱ་ཕྲག་བརྒལ་བར་དྲི་ཞིབ་དང་འཛིན་བཟུང་བྱས་པ་དང་ཡང་འགའ་ཤས་བཙོན་བཅུག་བྱས་པའམ་གར་སོང་ཆར་མེད་དུ་སོང་བ་སོགས་ཀྱི་གནས་ཚུལ་རིམ་པ་བྱུང་ཡོད་པ་རེད།

དཔེར་ན། དེ་སྔོན་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་གུ་ཡངས་ཀྱི་བསམ་བློ་ཡོད་པའི་དྲུང་ཆེ། ཀྲའི་ཛི་ཡང་གི་ལས་རོགས་སྦའོ་ཏོང་གཟའ་འཁོར་གཅིག་ཙམ་སྔོན་འཛིན་བཟུང་བྱས་ཏེ། ད་ལྟ་ས་གནས་གང་དུ་ཡོད་མེད་ཁོ་པའི་བཟའ་ཟླས་ཀྱང་ཤེས་རྟོགས་མེད་པར་གནས་ཡོད་པ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཟེར་བས་གནས་ཚུལ་སྤེལ་ཡོད་ཅིང༌།  ཡང་དྲུག་བཞིའི་དོན་རྐྱེན་འོག་འདས་གྲོངས་སུ་ཕྱིན་པའི་སྐྱེས་མའི་ཚོགས་པ་བཙུགས་མཁནཏིང་ཛི་ལིན་ ཁོ་མོ་རང་ཉིད་ཀྱི་ཁང་པའི་ནང་བཟང་བཙོན་འོག་བཞག་ཡོད་པ་དང༌། དེ་བཞིན་དྲུག་བཞིའི་དོན་རྐྱེན་དང་འབྲེལ་ཡོད་མི་མང་པོ་ཞིག་འཛིན་བཟུང་བྱས་པའམཡང་ན་ཁང་པའི་ཕྱི་ལོགས་སུ་དོན་མི་ཆོག་པ་དང༌། བསྒྲགས་གཏམ་ལ་སོགས་པ་སྤེལ་མི་ཆོག་པ་དང་གསར་འགོད་པ་དང་ཐུག་འཕྲད་མི་ཆོག་པ་སོགས་དམ་དྲག་སྣ་ཚོགས་པ་བཀེལ་ཡོད་པ་ཧོང་ཀོང་ནང་རྟེན་གཞི་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྟེ་གནས་ཁང་གིས་བརྗོད་འདུག

རྣམ་ཀུན་ལྟར་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་གི་ནང་དྲུག་བཞིའི་དོན་རྐྱེན་སྐོར་གནས་ཚུལ་ཁྱབ་སྤེལ་དང་རྒྱང་སྲིངས་རྩ་བ་ནས་བྱེད་མེད་པ་རེད་ གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་ནང་མང་གཙོའི་ལས་འགུལ་དེ་སྤེལ་ཏེ་ལོ་ངོ་ ༢༢ ཕྱིན་པའི་རྗེསད་དུང་ཡང་རྒྱ་ནག་གི་སྤྱི་ཚོགས་ནང་མང་གཙོའི་འཕེལ་རིམ་ཐོག་དོན་ཕན་སོན་པའི་ཡར་རྒྱས་གང་ཡང་ཕྱིན་མེད་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎