གནམ་ཐག་བརྒྱབ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ།

༨༩ལོའི་དམངས་གཙོའི་ལས་འགུལ་སྐབས་རྒྱ་ནག་དམག་མིས་དམར་བསད་བཏང་བའི་བུ་ཞིག་གི་ཕ་ཡིས་རང་ཤི་བརྒྱབ་ཡོད་པ་རེད།

2012.05.28

༄༅༎རྒྱ་ནག་པེ་ཅིན་སྤྱི་༡༩༨༩་ལོའི་དྲུག་བཞིའི་སློབ་གྲྭ་བའི་དམངས་གཙོའི་ལས་འགུལ་སྐབས་རྒྱ་ནག་དམག་མིས་དམར་བསད་བཏང་བའི་བུ་ཞིག་གི་ཕ་ཡིས་གནམ་ཐག་བརྒྱབ་ནས་རང་ཤི་བརྒྱབ་ཡོད་པ་རེད།

སྤྱི་༡༩༨༩་ལོའི་དྲུག་བཞིའི་དོན་རྐྱེན་ནང་དམར་བསད་བཏང་བའི་ཡའ་ཨའི་གོའོ་ཡི་ཕ་ཡའ་ཝུད་ལིང་གིས་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་༢༣་འཁོར་ལ་ཉེ་བའི་སྐབས་གནམ་ཐག་བརྒྱབ་ནས་རང་སྲོག་རང་ལྕེབས་ཀྱིས་རྒྱ་ནག་གཞུང་གི་ཡ་ང་སྙིང་རྗེ་མེད་པའི་བྱེད་སྟངས་ལ་ངོ་རྒོལ་བྱས་ཡོད་པ་རེད།  ཕ་ཡའ་ཝུད་ལིང་གི་སྤུན་མཆེད་ཚོས་འདས་པོ་དེའི་ཨམ་ཕྲག་ནང་ནས་ཤོག་འཛར་ཞིག་མཐོང་བ་དེའི་ཐོག་མ་ཉེས་ཁ་གཡོག་དག་སེལ་མ་བྱུང་བར། རང་ཤི་བརྒྱབ་ནས་འགོག་རྒོལ་བྱེད་ཟེར་བྲིས་ཡོད་པ་རེད།  དྲུག་བཞིའི་འདས་པོའི་ནང་མི་གནམ་བདེ་སྒོ་མོི་ཆེའི་སྐྱེས་མ་ཞེས་པའི་ཚོཌ་པས་འདས་བརྡ་ཞིག་བཏང་བ་དེའི་ནང་། ཡའང་ཝུད་ལིང་གིས་ལོ་ན་ལྔ་བཅུ་ཐམ་པ་ནས་ལོ་ན་༧༣་བར་ཡུན་རིང་གི་སྐྱོ་གདུང་དྲག་པོ་དང་སེམས་སྡུག་ངང་མཐར་རེ་ཐག་ཆོད་དེ་རང་སྲོག་རང་ལྕེབས་བྱས་པ་རེད།  ཡའ་ཝུད་ལིང་གི་བུ་ཡའ་ཨའེ་གོའོ་ནི་༨༩་ལོའི་པེ་ཅིན་གནམ་བདེ་སྒོ་མོ་ཐང་ཆེན་སྒང་དམག་དོན་བཀག་བསྡོམས་བྱེད་མཁན་དམག་མིས་མགོ་ལ་མེ་མདའ་བརྒྱབ་ནས་པེ་ཅིན་༣༠༡་སྨན་ཁང་དུ་འདས་གྲོངས་སུ་ཕྱིན་ཡོད་པ་རེད། ཡའ་ཝུད་ལིང་གིས་ལོ་རབས་དགུ་བཅུ་ཚུན་ནས་གནམ་བདེ་སྒོ་མོ་ཆེའི་སྐྱེས་མ་དང་མཉམ་དུ་གཞུང་ལ་དྲུག་བཞིའི་གནད་དོན་གཞུང་དྲང་གིས་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན་པ་ཡིན་རུང་། རྒྱ་ནག་གཞུང་གིས་འདས་པོ་ཚོའི་ནང་མིའི་རེ་བ་བསྐང་རྒྱུ་ཕར་བཞག་དེ་ལས་ལྡོག་སྟེ་དྲུག་བཞིར་དྲན་གསོ་བྱེད་པ་ལའང་མགོ་གནོན་བྱེད་མུས་ཡིན་པ་རེད། དེར་བརྟེན་ད་ལམ་གནམ་བདེ་སྒོ་མོ་ཆེའི་སྐྱེས་མའི་འདས་བརྡ་དེའི་ནང་ཡའ་ཡུད་ལིང་རང་ཤི་བརྒྱབ་པར་རྒྱ་ནག་གཞུང་ལ་འགན་ཡོད་པ་རེད་ཅེས་བཀོད་ཡོད་པ་དང་། དྲུག་བཞིའི་སྐབས་རྐྱེན་འདས་སོང་བའི་མིའི་གྲངས་འབོར་རྒྱ་ནག་གཞུང་གིས་ད་དུང་ཡང་ཁྱབ་བསྒྲཌ་བྱེད་ཀྱི་མེད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎