པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ལས་འགུལ་ནང་ཞུགས་མཁན་སྐོར།

པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་དེའི་སྐབས་བཙོན་འཇུག་རྗེས་རང་དབང་མེད་པའི་དཀའ་ངལ།

2009.05.01

༄༅༎ལོ་ངོ་ཉི་ཤུའི་གོང་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་དེའི་སྐབས་བཙོན་འཇུག་བྱས་པའི་སློབ་ཕྲུག་དང་དམངས་གཙོ་དོན་གཉེར་བ་མང་པོ་ཞིག་དེང་སྐབས་བཙོན་ཁང་ནས་གློད་བཀྲོལ་བྱུང་ཡོད་ན་ཡང་ཁོང་ཚོར་དེོན་དངོས་ཀྱི་རང་དབང་མེད་པ་མ་ཟད། སྤྱི་ཚོགས་ནང་སླེབས་པའི་རྗེས་ལས་ཀ་མི་རག་པ་དང་ལྟ་རྟོག་བྱད་མཁན་མེད་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད། པེ་ཅིོང་གི་གྲོང་མི་ཀྲང་ཡན་ཧྲང་ལོ་ངོ་ཉི་ཤུའི་གོང་གི་དམངས་གཙོའི་ལས་འགུལ་དེའི་སྐབས་འཛིན་བཟུང་བྱས་ནས་ལོ་ངོ་བཅུ་བཞི་བཙོན་འཇུག་བྱས་ཡོད་པ་དང་། བཙོན་བཀྲོལ་ཐོབ་པའི་རྗེས་ཁོང་གིས་རྒྱ་ནག་ནང་སྨྲ་བརྗོད་དང་འགུལ་ཞུད་ལ་རང་དབང་དགོས་པའི་སྐོར་གསར་འགོད་པའི་དྲི་བར་ལན་འདེབས་བྱས་པའི་རྐྱེན་གྱིས་སླར་ཡང་བཙོན་འཇུག་ལོ་ལྔ་བྱས་ནས་ད་ཆ་ཁོང་བཙོན་ཁང་ནས་གློད་བཀྲོལ་ཐོབ་ཡོད་ཀྱང་འཚོ་རྟེན་ཆེད་ལས་ཀ་འཚོལ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ནས་སྐྱེས་མ་མཉམ་དུ་ཁང་ཆུང་ཞིག་ནང་མི་སྡོད་ཀ་མེད་ཀྱི་གནས་སུ་གྱར་ཡོད་ཅིང་། ཁོང་གིས་ང་དང་འདྲ་བའི་དུས་རབས་ཉི་ཤུའི་ནང་བཙོན་འཇུག་བྱས་པ་མང་ཆེ་བ་དེང་སྐབས་བཙོན་འཇུག་དུས་བཀག་ཟིན་ནས་བཙོན་བཀྲོལ་ཐོབ་ཡོད་ན་ཡང་སྤྱི་ཚོགས་ནང་སླེབས་པའི་རྗེས་ང་ཚོར་ལྟ་རྟོག་བྱེད་མཁན་ཧ་ལམ་མེད་པ་རེད་ཅེས་གསུངས་བཞག ཚེ་སྲོང་ཤོང་བའི་སློབ་ཕྲུག་གི་ཕ་མ་ཚོས་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་སྐྱེས་མའི་ཚོགས་པ་ཞེས་པ་ཞིག་བཙུགས་ནས་འདས་པའི་ལོ་ངོ་ཉི་ཤུའི་རིང་རྒྱ་ནག་གཞུང་གིས་སྐབས་དེའི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱས་པར་དག་སེལ་དགོས་པའི་འབོད་སྐུ་ཞུ་བའི་ལས་འགུལ་སྤེལ་མུས་ཡིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎