བོད་ནང་འགྲིམ་འགྲུལ་དཀའ་ངལ་མེད་པར་བྱེད་ཕྱིར་མཐུན་རྐྱེན།

བོད་ནང་འགྲུལ་པ་ཚོར་ད་ལོའི་དཔྱིད་ཀའི་སྐབས་སུ་དཀའ་ངལ་མེད་པར་འགྲིམ་འགྲུལ་བྱེད་ཕྱིར་ཀྲི་སི་འཐོབ་རྒྱུའི་མཐུན་རྐྱེན་བསྐྲུན་ཡོད་པ་རེད།

2009.01.10

༄༅༎རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་སྤེལ་ཚན་པས་བོད་སྐོར་བཏོན་པའི་དམིགས་བསལ་གནས་ཚུལ་ནང་བོད་ནས་མཁའ་ལམ་དང་རི་ལི།ས་ཐོག་གང་རུང་ནས་ཕར་འགྲོ་ཚུང་འོང་བྱེད་མཁན་གྱི་འགྲུལ་པ་ཚོར་ད་ལོའི་དཔྱིད་ཀའི་སྐབས་སུ་དཀའ་ངལ་མེད་པར་འགྲིམ་འགྲུལ་བྱེད་ཕྱིར་ཀྲི་སི་འཐོབ་རྒྱུའི་མཐུན་རྐྱེན་བསྐྲུན་ཡོད་པ་རེད། དེ་ཡང་བོད་ཀྱི་རྒྱལ་སའི་ནང་གི་མཚོ་བོད་རི་ལིའི་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཅ་ནའེ་ལིན་གྱིས་བརྗོད་གསལ་ལྟར་ན་ལྷ་སའི་རི་ལིའི་བབས་ཚུགས་ནང་ཟི་ལིང་དང་ལན་ཀྲའོ་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ནང་རི་ལི་བརྗེ་པོ་རྒྱབ་སའི་ཀྲི་སི་ཉོ་སའི་མཐུན་རྐྱེན་ཡོད་པས་མ་ཟད་འགྲུབ་པ་ཚོའི་འགྲིམ་འགྲུལ་སྟབས་བདེ་ཡོང་བའི་ཆེད་དུ་རི་ལིའི་ནང་ཁ་ལག་ཉོ་རྒྱུ་ཡོད་པ་དང་སྲུང་སྐྱོབ་ཀྱི་སྟ་གོན་ཡང་ཆ་ཚང་བ་ཡོད་པ་རེད། རྒྱ་ནག་ལྷོ་ཕྱོགས་གནམ་གྲུའི་སྡེ་ཚན་གྱིས་ཀྱང་དཔྱིད་ཀའི་ནམ་དུས་འགོ་ཚུགས་པའི་རྗེས་སུ་གནམ་གྲུའི་གླ་ཆ་བརྒྱ་ཆ་ཉི་ཤུ་ཙམ་མར་བཅག་སྟེ་འཚོང་རྒྱུ་ཡོད་སྐོར་དང་དེ་བཞིན་སྦ་སེའི་སྒྲིག་འཛུགས་ཁག་གིས་ཀྱང་ལྷ་ས་ནས་མཚོ་སྔོན་དང་ཟི་ལིང༌།ཌེན་རྡུ་སོགས་སུ་འགྲིམ་འགྲུལ་བྱ་རྒྱུའི་སླད་དུས་ཚོད་རིང་དུ་གཏང་རྒྱུ་དང་ཞིང་ཆེན་སོ་སོའི་ནང་གི་སྦ་སེའི་གྲངས་འབོར་ཡང་མང་དུ་གཏང་རྒྱུ་ཡིན་ལུགས་བོད་ཀྱི་གནས་ཚུལ་ལྟེ་གནས་ཞེས་པའི་རྒྱ་ནག་གི་འགྲིམ་འགྲུལ་ཚན་པས་གནས་ཚུལ་སྤེལ་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎