བོད་དོན་རྒྱབ་སྐྱོར་བས་དབྱིན་ཡུལ་སྲིད་བློན་ལ་སྐྱོན་བརྗོད་ཞུས་པ།

བོད་དོན་རྒྱབ་སྐྱོར་ལས་འགུལ་སྤེལ་མཁན་ཚོས་དབྱིན་ཇིའི་སྲིད་བློན་དྲེ་ལྦིདྲ་ཀེ་མེ་རོན་ལ་སྐྱོན་འཛུགས་ཞུས་ཡོད་པ་རེད།

2011.01.15

༄༅༎བོད་དོན་རྒྱབ་སྐྱོར་ལས་འགུལ་སྤེལ་མཁན་ཚོས་དབྱིན་ཇིའི་སྲིད་བློན་དྲེ་ལྦིདྲ་ཀེ་མེ་རོན་ལ་སྐྱོན་འཛུགས་ཞུས་ཡོད་པ་རེད།

བོད་རང་བཙན་གྱི་ལས་འགུལ་སྤེལ་མཁན་ཚོས་གསུང་པར་དབྱིན་ཇིའི་སྲིད་བློན་དྲེ་ལྦིདྲ་ཀེ་མེ་རོན་མཆོག་གི་གཞུང་འཛིན་གྱིས་དབྱིན་ཇིའི་རྒྱ་ཆེའི་མི་མང་གི་འདོད་ཚུལ་ལྟར་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གནད་དོན་ཐད་སྲུང་བརྩི་ཞུ་དགོིས་པའི་དགོས་འདུན་དེ་ཚོིར་ཆ་འཇོག་བརྩི་མེད་བྱས་ཏེ་མཁས་པོ་སྙན་པོ་ཁོ་ནའི་ཕྱག་བཞེས་བསྟར་གནང་བར་སྐྱོན་འཛུགས་ཞུས་ཡོད་པ་རེད།

བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་མཁན་ཚོས་གསུང་པར་རྒྱལ་ས་ལོན་ཌོན་དུ་དབྱིན་ཡུལ་དང་རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལོ་རེའི་ཚོགས་འདུའི་སར་དབྱིན་ཡུལ་གྱིས་རྒྱ་ནག་ལ་འབོད་སྐུལ་ཞུས་གནང་དགོས་པའི་སྐོར་སྙན་སེང་ཞུས་ཡོད་ཀྱང་དབྱིན་གཞུང་གིས་དེའི་དོན་སྨིན་སོན་པ་གནང་ཐུབ་མེད་པའི་སྐོར་གནས་ཚལ་སྤེལ་ཡོད་པ་རེད།

དབྱིན་ཡུལ་གཞུང་འབྲེལ་གྱི་ཐོག་ནས་འགྲེལ་བརྗོད་གནང་བར་རྒྱ་ནག་གཞུང་དང་བལྟ་སྤྱོད་ལོག་པར་འཛིན་མཁན་ཚོའི་ཐོིག་རྒྱ་ནག་གཞུང་གིས་བཀག་འདོམས་བྱེད་པའི་གནས་སྟངས་དེ་ཚོའི་ཐོག་ཐུགས་ཚབས་ཡོད་ལུགས་གསུང་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎