རྒྱ་ནག་གི་སྲིད་འཛིན་ལ་རྒྱལ་ས་ལྦ་ཤིང་ཀྲོན་དུ་བོད་མིས་ངོ་རྒོལ།

ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་སླེབས་པའི་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཏའོ་ལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་གནང་འདུག

2008.11.15

༄༅༎ད་ལོ་བོད་ནང་རྒྱ་ནག་གི་དབང་བསྒྱུར་ལ་བོད་མི་ཚོས་ཞི་བའི་ངོ་རྒོལ་ཞི་རྒྱ་ཆེན་པོ་གནང་བའི་རྗེས་ཨ་རིའི་ནང་ཐེངས་དང་པོ་ཕེབས་པའི་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཏའོ་ལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་གནང་རྒྱུ་ཡིན་པའི་སྐོར་བོད་རང་བཙན་སློབ་ཕྲུག་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་འདུག

འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་ནང་འཛམ་གླིང་ཡུལ་གྲུ་ཁག་གི་དབུ་འཁྲིད་རྣམ་པའི་ཆེས་མཐོའི་དཔལ་འབྱོར་ལྷན་ཚོགས་ཤིག་གནང་གི་ཡོད་པའི་ཐོག་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཏའོ་ཕེབས་ཡོད་པ་ལྟར་བོད་དོན་དོན་གཉེར་བ་ཚོས་ཨ་རིའི་སྲིད་འཛིན་སྦུཤི་མཆོག་དང་དེ་མིན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པ་ཚོར་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་མུ་མཐུད་བྱེད་བཞིན་ཡོད་པ་དེ་དག་འཕྲལ་དུ་མཚམས་འཇོག་བྱ་རྒྱུའི་ནན་སྐུལ་གནང་དགོས་རྒྱུ་དང་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་བོད་རྒྱའི་དབར་གྱི་འབྲེལ་མོལ་ལ་དོན་འབྲས་སོན་གྱི་མེད་པའི་ཐད་རྒྱ་ནག་ལ་སྐྱོན་བརྗོད་གནང་དགོས་རྒྱུའི་སྐུལ་མ་ཞུ་རྒྱུ་ཡིན་པ་རེད།

རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཏའོ་ལ་ངོ་རྒོལ་གནང་མཁན་བོད་མི་དང་བོད་དོན་དོན་གཉེར་བ་ཚོས་དེ་རིང་རྒྱལ་ས་ལྦ་ཤིང་ཀྲོན་ནང་གོང་ཞུས་དཔལ་འབྱོར་གྱི་ཆེས་མཐོའི་ལྷན་ཚོགས་ཚུགས་ཡུལ་གྱི་ཉེ་ཁྲིས་སྔ་དྲོའི་ཆུ་ཚོད་བདུན་དང་ཕྱེད་ཀ་ནས་གསུམ་པའི་བར་ངོ་རྒོལ་སྐད་འབོད་གནང་གི་ཡོད་པ་རེད།

བོད་རང་བཙན་སློབ་ཕྲུག་ཚོགས་པས་སྤེལ་གནང་བའི་གསར་འགོད་གསལ་བསྒྲགས་དེའི་ནང་ཚོགས་པའི་འཛིན་སྐྱོང་ངེས་སྟོན་པ་བཀྲས་ཐོང་ལྷ་སྒྲོན་ལགས་ཀྱིས་ད་ཆ་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ཚར་བ་དང་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ལྷན་གྲོས་མོལ་ཡག་པོ་མ་ཞུས་པར་བོད་ལ་རང་སྲིད་རང་སྐྱོང་མཚན་ལྡན་གྱི་གནས་བབ་སྤྲོད་རྒྱུའི་འདོད་པ་མེད་པའི་རྣམ་འགྱུར་གསལ་པོ་བསྟན་ཡོད་སྟབས་ཨ་མི་རི་ཀའི་སྲིད་འཛིན་སྦུཤི་མ་ཆོག་དང་འཛམ་གླིང་ཡུལ་ཁག་གི་དབུ་ཁྲིད་རྣམ་པ་ཚོས་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ཀྱི་གནད་དོན་ཐད་དྲང་བདེན་མ་ཡིིན་པའི་མིག་འགྱངས་མཐུང་ངུའི་ཆབ་སྲིད་ཀྱི་རྩེད་མོ་རྩེད་ཀྱི་ཡོད་པ་དེར་ཡོངས་གྲགས་ཀྱི་ཐོག་ནས་སྐྱོན་བརྗོད་གནང་དགོས་རྒྱུའི་འབོད་སྐུལ་ཞུས་ཡོད་པ་དང་ཆབས་ཅིག་བོད་ཀྱི་དཀའ་རྙོག་སེལ་ཐབས་ཆེད་ཐབས་ལམ་འདྲ་མིན་གྱི་ཐོག་ནས་རྒྱ་ནག་ཐོག་གནོན་ཤུགས་སྐྱོན་དགོས་པའི་འབོད་སྐུལ་ཞུས་གནང་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་གནང་བའི་ངོ་རྒོལ་གྱི་ལས་འགུལ་དེའི་ནང་གྲོང་ཁྱེར་ནིའུ་ཡོག་ནས་ཕེབས་པའི་བོད་རིགས་དང་ས་གནས་བོད་མི་སོགས་མཉམ་ཞུགས་གནང་གི་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎