ཨོ་སེ་ཊེ་ལི་ཡའི་གྲོས་ཚོགས་ནང་བོད་དོན་གླེང་ཡོད་པ།

ཨོ་སེ་ཀྲེ་ལི་ཡའི་གྲོས་ཚོགས་ནང་ཕྱི་སྲིད་བློན་ཆེན་གྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་རྟོག་ཞིབ་སླད་གཞུང་ཚབ་པ་གཏོང་གནང་རྒྱུ།

2012.03.23

༄༅༎ཨོ་སེ་ཀྲེ་ལི་ཡའི་གྲོས་ཚོགས་ནང་། ཕྱི་སྲིད་བློན་ཆེན་སྦོབ་ཀར་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་རྟོག་ཞིབ་སླད་གཞུང་ཚབ་པ་གཏོང་གནང་རྒྱུ་ཡིན་ཞེས་གསུངས་པ་མ་ཟད། མ་འོངས་པར་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཀྱང་བོད་ནང་ཕེབས་ཆོག་པའི་རྒྱ་ནག་གཞུང་ལ་ཆོག་མཆན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། འོན་ཀྱང་རྒྱ་ནག་གུང་བྲན་ཚོགས་པས་བདག་གཉེར་བྱེད་པའི་གྷོ་ལ་བྷལ་ ཀྲ་ཡེམ་སེ་ཞེས་པའི་གསར་ཤོག་ནང་། བོད་ནང་བྱུང་བའི་གནས་ཚུལ་དེ་དག་རྒྱ་ནག་ནང་གི་གནད་དོན་ཞིག་ཡིན་སྟབས་དེར་ཨོ་སེ་ཀྲེ་ལི་ཡའི་ཐེ་བྱུས་བྱེད་ན་འགྲིགས་ཀྱི་མེད་ལུགས་དཔྱད་གཏམ་སྤེལ་ཡོད་འདུག དེ་ཡང་མིན་ཛུ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཝུ་ ཆུ་ཀིས། སྦོབ་ ཀར་གྱིས། གནས་ཚུལ་དེ་ཨོ་སེ་ཀྲེ་ལི་ཡའི་ནང་གི་ཆབ་སྲིད་ཤིག་རེད་བསམ་གྱི་ཡོད་ཀྱི་རེད། ཀེ་ལྦན་ རུདྲ་ལས་གནས་ནས་འཁྱུར་ཏེ་ད་ཆ་ཁོ་པ་ཕྱི་སྲིད་བློན་ཆེན་གསར་པ་ཆགས་པའི་རྗེས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་གི་རྙོག་ཁྲ་བཤད་ནས་ཨ་རི་དང་འབྲེལ་བ་བཟོ་རྒྱུའི་ཐབས་བྱུས་ཤིག་རེད་ཅེས་གང་ལྟར་བོད་ནང་གི་གནད་དོན་དེ་ཨོ་སེ་ཀྲེ་ལི་ཡའི་གནད་དོན་མ་རེད་ལ་ཨོ་སེ་ཀྲེ་ལི་ཡས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་རྒྱུའི་ཐོབ་ཐང་ཡོད་མ་རེད་ཅེས་འགྲེལ་བརྗོད་བྱེད་འདུག དམིགས་བསལ་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ནས་ཀྱང་། ཨོ་ས་ཀྲེ་ལི་ཡའི་དང་འབྲེལ་ལམ་བཟང་ཕྱོགས་སུ་བསྐྱོད་ཐབས་བྱ་རྒྱུ་ནི་ང་ཚོའི་སྲིད་བྱུས་རེད། ཡིན་ནའང་བོད་ཀྱི་གནད་དོན་དེ་རྒྱ་ནག་གི་ནང་གི་གནད་དོན་ཞིག་ཡིན་པ་དང་། དེར་ཐེ་བྱུས་སུས་བྱེད་པ་ཡིན་ནའང་དེར་ང་ཚོས་ངོ་རྒོལ་ཡོད་པའང་གསལ་པོ་བཟོ་རྒྱུ་ཡིན་ཞེས་གཏམ་བཤད་སྤེལ་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎