ཁེ་ཊ་གྷི་ལེན་རྒྱལ་སྤྱིའི་གླེང་སྟེགས་ཐོག་ཐེ་ཝན་སྐུ་ཚབ་དོན་གཅོད་མཉམ་ཞུགས་གནང་འདུག

2022.07.27
ཁེ་ཊ་གྷི་ལེན་རྒྱལ་སྤྱིའི་གླེང་སྟེགས་ཐོག་ཐེ་ཝན་སྐུ་ཚབ་དོན་གཅོད་མཉམ་ཞུགས་གནང་འདུག སྤྱི་ལོ་༢༠༢༢་ལོའི་(Ketagalan Forum 2022)་རྒྱལ་སྤྱིའི་གླེང་སྟེགས་ཞེས་ཞི་ཧིན་བདེ་འཇགས་གྲོས་མོལ་ཚོགས་འདུའི་སྐབས། ༠༧།༢༦།༢༠༢༢
CTA

ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུང་ན། ཐེ་ཝན་ཕྱི་སྲིད་ལས་ཁུངས་དང་། ཡོན་ཅིང་ཐེབས་རྩ་ཁང་ཐུན་མོང་ནས་གོ་སྒྲིག་གནང་བའི་སྤྱི་ལོ་༢༠༢༢་ལོའི་(Ketagalan Forum 2022)་རྒྱལ་སྤྱིའི་གླེང་སྟེགས་ཞེས་ཞི་ཧིན་བདེ་འཇགས་གྲོས་མོལ་ཚོགས་འདུར་ཁོང་ཉིད་མཉམ་ཞུགས་གནང་ཐུབ་པ་བྱུང་ཡོད་པ་དང། ཚོགས་འདུ་དེའི་ཐོག་རྒྱལ་སྤྱིའི་གནད་ཡོད་མི་སྣ་མང་པོ་ཞིག་མཉམ་ཞུགས་གནང་ཡོད་པ་ལྟར། ཁོང་ཉིན་གང་ཚོགས་བཅར་ཞུས་ཏེ་འབྲེལ་ཡོད་ཕྱི་རྒྱལ་སྐུ་ཚབ་རྣམ་པ་དང་ཉམས་ཞིབ་པ། ཐེ་ཝན་གཞུང་དང་གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་དང་ཕན་ཚུན་ངོ་སྤྲོད་ངོ་ཤེས་ཀྱི་འབྲེལ་ལམ་བཙུགས་ཡོད་ཚུལ་དང་། ད་རེས་ཀྱི་ཚོགས་འདུ་དེ་ནི་ཧ་ཅང་གི་གལ་འགངས་ཆེ་བའི་ཚོགས་འདུ་ཞིག་ཡིན་པ་གསུངས་བྱུང་།
ཚོགས་འདུ་དེ་ནི་ཕྱི་ཟླ་བདུན་པའི་ཚེས་༢༦ཉིན་དབུ་བཙུགས་ནང་ཉིན་གསུམ་རིང་ཚོགས་བཞིན་ཡོད་པ་དང་། ཚོགས་འདུ་དབུ་འཛུགས་མཛད་སྒོར་ཡོན་ཅིང་ཐེབས་རྩ་ཁང་གི་འགན་འཛིན་སྐུ་ཞབས་ཁྲིན་ཐང་ཧྲང་ལགས་ཀྱིས་དགའ་བསུའི་འཚམས་འདྲི་ཞུས་རྗེས། ཐེ་ཝན་གྱི་སྲིད་འཛིན་ཚའེ་དབྱིང་ཝན་མཆོག་དང་། ཁོ་སོ་ཝོའི་སྲིད་འཛིན་ཟུར་པ་དང་གྲོས་ཚོགས་འཐུས་མི་བཅས་ནས་དྲ་ལམ་བརྒྱུད་སྐུ་མགྲོན་གཙོ་བོའི་མཚན་ཐོག་ནས་གཏམ་བཤད་གནང་འདུག དེ་ནས་ཐེ་ཝན་ཕྱི་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ཐན་ཀྲུང་ཀོང་མཆོག་དང་། ཉི་ཧོང་གི་ཕྱི་སྲིད་དང་རྒྱལ་སྲུང་བློན་ཆེན་ཟུར་པ་(KonoTaroranm)་རྣམ་གཉིས་ཀྱིས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་འདུག

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎