བོད་ནང་ཆུ་བེད་འཛུགས་སྐྲུན་ཐོག་མ་རྩ་འཛུགས་འཇོག་སྐོར།

རྒྱ་ནག་གཞུང་གིས་བོད་ནང་ཆུ་བེད་འཛུགས་སྐྲུན་གྱི་ལས་དོན་རྨང་གཞིའི་ཐོག་ལོ་རེར་མ་རྩ་འཛུགས་འཇོག་ལྡབས་འགྱུར་མང་དུ་གཏོང་རྒྱུ།

2011.03.29

༄༅༎རྒྱ་ནག་གཞུང་གིས། བོད་ནང་ཆུ་བེད་འཛུགས་སྐྲུན་གྱི་ལས་དོན་རྨང་གཞིའི་ཐོག་ལོ་རེར་མ་རྩ་འཛུགས་འཇོག་ལྡབས་འགྱུར་མང་དུ་གཏོང་རྒྱུ་ཡིན་པ་བཤད་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་ཟེར་བའི་ས་གནས་གཞུང་གིས། མ་འོངས་པའི་ལོ་བཅུའི་ནང་དུ་བོད་ཀྱི་ས་ཁུལ་ནང་དུ་ཆུ་བེད་འཛུགས་སྐྲུན་གྱི་ལས་གཞིའི་ཐོག་མ་དངུལ་འཛུགས་འཇོག་བྱེད་ཡ་ནི། ༢༠༡༠དང་བསྡུར་ན་ལྡབས་འགྱུར་མང་དུ་གཏོང་རྒྱུའི་འཆར་གཞི་ཡོད་པ་དང༌། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ། ཀྲང་ཆིང་ལི་ཡིས། བོད་ཀྱི་ཆུའི་ཐོན་ཁུངས་ཕྱུག་པའི་ས་ཁུལ་ཞིག་ཡིན་པ་མ་ཟད། གློག་ཤུགས་ཆུ་མཛོད་ཀྱི་ཐོན་ཁུངས་གལ་ཆེ་ཞིག་ཡིན་པར་བརྟེན། བོད་ཀྱི་ཆུ་བེད་ཐོན་ཁུངས་ནི་བོད་འཛུགས་སྐྲུན་ཡར་རྒྱས་ཀྱི་གཙོ་བོའི་མཐུན་རྐྱེན་ཞིག་ཡིན་པར་སོང༌། བོད་ནང་ཆུའི་འཛུགས་སྐྲུན་གྱི་རྨང་གཞི་ལས་དོན་ལག་བསྟར་བྱ་དགོས་པ་ནི་ཁ་ཚ་དགོས་བཏུགས་ཀྱི་ལས་དོན་ཞིག་ཡིན་པ་བཤད་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཟེར་བའི་ཆུའི་ལས་དོན་ཚན་པས་བཤད་པར་གཞིགས་ན། བོད་ཀྱི་གྲོང་གསེབ་དང་འབྲོག་པ་མི་དམངས་ཚོར་ཆུ་ཤུགས་ཀྱི་གློག་མཁོ་འདོན་བྱེད་ཐུབ་པའི་ཆེད་དུ་བོད་ཀྱི་གལ་ཆེའི་གཙང་ཆུ་ཁག་ཅིག་གི་ཐོག་གཞི་རྒྱ་ཆེ་བའི་ཆུའི་འཛུགས་སྐྲུན་ལས་དོན་ལག་བསྟར་བྱ་རྒྱུའི་འཆར་གཞི་ཡོད་པ་མ་ཟད། ཕྱི་ལོ་༢༠༡༣ནང་ཚུད་ལ་གོང་གསལ་ཞིང་འབྲོག་ས་ཁུལ་དུ་འཐུང་ཆུ་མཁོ་འདོན་བྱ་རྒྱུའི་ཐག་གཅོད་བྱས་ཟིན་པ་ལྟར། ཞིང་འབྲོག་ས་ཁུལ་དེ་དག་ནང་འཐུང་ཆུའི་དཀའ་ངལ་དེ་ལོ་ལྔའི་ལས་དོན་འཆར་གཞིའི་ནང་ལེགས་གྲུབ་ཡོང་རྒྱུ་ཡིན་པ་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎