བོད་ནང་ཡུལ་བསྐོར་སྤྲོ་འཆམ་པའི་གྲངས་འབོར་ཉུང་དུ་ཕྱིན་འདུག
2008.08.16
༄༅༎འདི་ལོ་ལོ་ཕྱེད་རིང་བོད་ནང་ཡུལ་བསྐོར་སྤྲོ་འཆམ་པའི་གྲངས་འབོར་སྔ་ལོ་ལས་བརྒྱ་ཆ་༧༠ཙམ་ཉུང་དུ་ཕྱིན་ཡོད་འདུག
བོད་ལྗོངས་ཉིན་རེའི་ཚགས་ཤོག་ཐོག་འདི་ཚེས་༡༦ཉིན་གནས་ཚུལ་སྤེལ་བའི་གནས་ཚུལ་ནང་ བོད་ནང་ད་ལོ་ཕྱི་ཟླ་དང་པོ་ནས་དྲུག་པ་བར་ཡུལ་བསྐོར་སྤྲོ་འཆམ་པ་ཁྱོན་མི་གྲངས་འབུམ་གསུམ་དང་ཁྲི་གསུམ་ཙམ་ལས་སླེབས་མེད་པ་དང་ དེའི་ནང་ནས་ཕྱི་ཟླ་གསུམ་པའི་ནང་ཡུལ་བསྐོར་སྤྲོ་འཆམ་ཆིག་ཁྲི་བཞི་སྟོང་མ་གཏོགས་བྱུང་མེད་སྐོར་འགྲེལ་བརྗོད་བྱས་འདུག
ཚགས་ཤོག་དེའི་ཐོག་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དཔོན་རིགས་གཞོན་པ་ཏང་ཞའོ་ཀང་གིས་བརྗོད་པར་ བོད་ནང་ད་ལོ་ཕྱི་ཟླ་གསུམ་པའི་ཚེས་༡༤འི་དོན་རྐྱེན་དེ་བྱུང་ནས་བོད་ཀྱི་ཞབས་ཞུའི་ལས་རིགས་ལ་ཤུགས་རྐྱེན་ཆེ་ཤོས་བྱུང་ཡོད་པ་དང༌། དེའི་ཁྲོད་ནས་ཡུལ་བསྐོར་སྤྲོ་འཆམ་ལས་རིགས་ཐོག་གྱོང་གུན་ཆེན་པོ་བྱུང་ཡོད་ལུགས་བཤད་པ་ལུང་འདྲེན་བྱས་ཡོད་འདུག རྒྱ་ནག་གཞུང་འབྲེལ་ཧིང་ལྦ་གསར་ལས་ཁང་གིས་བོད་ཀྱི་ཡུལ་བསྐོར་ཚན་པས་སྔ་ལོ་བོད་ནང་ཡུལ་བསྐོར་སྤྲོ་འཆམ་པ་ས་ཡ་གཅིག་དང་གྲངས་ཆུང་གཅིག་བྱུང་ཡོད་ལུགས་འགྲེལ་བརྗོད་བྱས་འདུག།