ཨོ་སོ་ཀྲོ་ལི་ཡའི་ནང་མེ་སྐྱོན་བྱུང་བར་བོད་མི་ཚོས་སེམས་གསོ།

ཨོ་སོ་ཀྲོ་ལི་ཡའི་ནང་མེ་སྐྱོན་ཚབས་ཆེ་བྱུང་བར་བོད་མི་ཚོས་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་མཆོད་འབུལ་གསོལ་འདེབས་ཤིག་ཚུགས་ཡོད་པ།

2009.02.17

༄༅༎ཉེ་བའི་ཆར་ཨོ་སོ་ཀྲོ་ལི་ཡའི་ནང་མེ་སྐྱོན་ཚབས་ཆེ་བྱུང་བར་བོད་མི་ཚོས་གདུང་སེམས་མཉམ་བསྐྱེད་དང་མེ་སྐྱོན་ཕོག་པ་རྣམས་ལ་སེམ་གསོ་མཚོན་ཆེད་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་གསོལ་འདེབས་ཤིག་ཚུགས་ཡོད་པ་རེད།

ཆེད་མངགས་སྤར་བའི་མེ་སྐྱོན་དེའི་འོག་ད་བར་མི་གྲངས་བརྒྱ་དང་བརྒྱད་ཅུ་བརྒྱ་ལྔ་ཙམ་གྱི་ཚེ་སྲོག་བཅོམ་པ་དང་སྡོད་ཁྱིམ་སྟོང་ཕྲག་མང་པོ་མེད་པར་གྱུར་ཡོད་ཅིང་བོད་མི་ཚོས་མེ་སྐྱོན་གྱི་འོག་ཚེ་སྲོག་ཤོར་བ་མི་རྣམས་ཀྱི་ཆེད་བསྔོ་སྨོན་དང་འདས་ཤུལ་ནང་མི་ཚོར་སེམས་གསོ་གནང་ཡོད་པ་རེད།

དེ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨོ་སོ་ཀྲོ་ལི་ཡའི་སྲིད་བློན་ཀེ་ལྦིན་ར་ཌི་ཡི་མཚན་ཐོག་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་གནང་མཛད་ཡོད་ཅིང་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ཉིན་གྲངས་འགའ་ཤས་རིང་ལྦིཀ་ཊོ་རི་ཡའི་མངའ་སྡེའི་ནང་མེ་སྐྱོན་གྱི་རྐྱེན་པས་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་བ་དང་གྲོང་དང་སྡོད་ཁང་མང་པོ་མེད་པར་གྱུར་བ་དེ་འབྲེལ་མི་མང་པོའི་འཚོ་བའི་རྟེན་གཞི་དོ་ཕོག་ཆེན་པོ་བཟོས་པར་ངོས་རང་བློ་ཕམ་ཧ་ཅང་ཆེན་པོ་བྱུང་ཞེས་དང་ངའི་ངོས་ནས་ད་རེས་ཨོ་སོ་ཀྲོ་ལི་ཡའི་ལོ་རྒྱུས་ཀྱི་ནང་གི་མེ་སྐྱོན་ཚབས་ཆེ་ཤོས་ཀྱི་དོན་རྐྱེན་དེའི་འོག་དོ་ཕོག་བྱུང་བའི་ནང་མི་ཚོར་སྙིང་ཐག་པ་ནས་སེམས་གསོ་བྱེད་རྒྱུ་ཡིན་ཞེས་བཀའ་གནང་ཡོད་ཅིང་དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མེ་སྐྱོན་གྱི་འོག་ཚེ་སྲོག་ཤོར་བ་དང་རྨས་སྐྱོན་ཕོག་པ་ཚོའི་ཆེད་ཐུགས་སྨོན་འཚམས་སྦྱོར་སྩལ་གནང་མཛད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎