བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པ་མགྱོགས་མྱུར་གནང་འཆར།

བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པ་དེ་མགྱོགས་མྱུར་གནང་རྒྱུ་ཡིན་ལུགས་རྒྱ་ནག་གཞུང་འབྲེལ་ཤིང་ཧ་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་འདུག

2008.10.29

༄༅༎བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པ་དེ་མགྱོགས་མྱུར་གནང་རྒྱུ་ཡིན་ལུགས་རྒྱ་ནག་གཞུང་འབྲེལ་ཤིང་ཧ་གསར་འགྱུར་བརྒྱུད་ལམ་ནང་དེ་རིང་གནས་ཚུལ་སྤེལ་འདུག

དེ་ཡང་གོང་ཞུས་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་སྤེལ་བར་གཞིགས་ན་འདི་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མི་ཁག་ཅིག་གིས་ངོ་རྒོལ་ཟིང་འཁྲུག་གི་ལས་འགུལ་སྤེལ་བ་དང་དེ་བཞིན་བོད་རང་བཙན་ལྟ་བ་འཛིན་མཁན་བོད་མི་ཉུང་ཤས་ཤིག་གིས་རྒྱལ་སྤྱིའི་ཨོ་ལིམ་པིག་གི་རྩེད་འགྲན་ལ་འགོག་རྐྱེན་བཟོ་ཐབས་བྱེད་པའི་ཚབས་ཆེའི་ལས་འགུལ་སྤེལ་མིན་ལ་མ་ལྟོས་༸གོང་ས་ཏཱ་ལའི་བླ་མ་མཆོག་ནསན་རེ་འདུན་སྟོན་གནང་བ་བཞིན་རྒྱ་ནག་དབུས་གཞུང་གིས་༸གོང་ས་མཆོག་སྐུ་སྒེར་གྱི་སྐུ་ཚབ་ལྷན་དུ་རིང་མིན་འབྲེལ་མོལ་བྱེད་རྒྱུའི་གྲ་སྒྲིག་བྱ་བཞིན་ཡོད་སྟབས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་རྣམ་པས་གོ་སྐབས་དེ་བཟུང་ནས་རྒྱ་ནག་དབུས་གཞུང་གིས་དགོས་འདུན་སྟོན་པ་ཁག་ལ་བཟང་ཕྱོགས་ཀྱི་ལན་འདེབས་ཤིག་དགོས་པའི་རེ་བ་ཡོད་ཅེས་རྒྱ་ནག་གཞུང་འབྲེལ་ཤིང་ཧ་གསར་འགྱུར་བརྒྱུད་ལམ་ནང་དེ་རིང་གནས་ཚུལ་སྤེལ་འདུག སྤྱིར་བཏང་ཕྱི་ལོ་༢༠༠༡ལོར་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་བྱུང་བ་ནས་བཟུང་ད་བར་རྒྱ་བོད་གཉིས་དབར་འབྲེལ་མོལ་ཐེངས་བདུན་ཙམ་གནང་གྲུབ་པ་དང་ད་རེས་ཀྱིས་འབྲེལ་མོལ་ཐེངས་བརྒྱད་པ་ཆགས་ཀྱི་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎