དམིཌ་བསལ་ཚོཌ་ཆེན་གཟའ་སྐར་འཕྲོས་སྦྱོར་ལ་གཟིགས་འདུག

བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་གཟའ་སྐར་འཕྲོས་སྦྱོར་དང་བསྟུན་ནས་དབུ་འབྱེད་གནང་ཡོད་ལུགས་གསལ་བཀྲོལ་གནང་འདུག

2008.11.17

༄༅༎བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ལྔ་བཅུ་སླེབས་ལ་ཉེ་བའི་དུས་ཡུན་དེའི་རིང་བོད་ཀྱི་གནད་དོན་ཐོག་མི་མང་གི་སྐུ་ཚབ་དམིགས་བསལ་ཚོགས་འདུ་བསྐོངས་ཚོགས་གནང་བ་ད་རེས་ཐོག་མ་དེ་ཆགས་ཀྱི་ཡོད་པའི་ཆ་ནས་བོད་ལུགས་སྐར་རྩིས་ཀྱི་ལམ་ལུགས་དང་བསྟུན་ནས་གཏན་འབེབས་གནང་ཡོད་པའི་སྐོར་བཀའ་བློན་ཁྲི་པ་མཆོག་གིས་ཁ་སའི་ཚོགས་ཆེན་ཐོག་འགྲེལ་བརྗོད་གནང་འདུག ལྷག་པར་དུ་བཀའ་བློན་ཁྲི་པ་མཆོག་གིས་བོད་མི་ཁག་ཅིག་གིས་ཚོགས་ཆེན་གྱི་ཉིན་དང་པོ་དེ་ཉིན་ནག་འཁེལ་གྱི་ཡོད་པའི་ཆ་ནས་དུས་ཚིག་བཟང་པོ་ཞིག་མིན་ལུགས་དགོངས་ཚུལ་གསུངས་མཁན་ཡོད་ཀྱང་དེ་དག་ལ་དམིགས་བསལ་གསལ་བཤད་སྐྱོན་གནང་འདུག

བཀའ་བློན་ཁྲི་པ་མཆོག་གིས་རྩ་བའི་དབུ་འབྱེད་ཉིན་མོ་དེ་བཞིན་ཉིན་ནག་འཁེལ་ཡོད་ཀྱང་གལ་ཆེ་ཤོས་འཕྲོས་སྦྱོར་ལ་གཟིགས་ཡོད་པ་མ་ཟད་ཚེས་ཆ་བཟློག་ཐབས་སུ་དམིགས་བསལ་ཞབས་རིམ་ཞུ་སྒོ་ཁག་འབྲེལ་ཡོད་ཚོགས་དྲུང་ཡིག་ཚང་ནས་འཐུས་ཚང་གྲུབ་གནང་ཡོད་པའི་སྐོར་གསལ་བཤད་གནང་ཡོད་པ་རེད། ཚོགས་ཆེན་ཟླ་འདིའི་ཚེས་ཉི་ཤུ་གཉིས་རེས་གཟའ་སྤེན་པའི་ཉིན་མཇུག་སྒྲིལ་གནང་གི་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎