བོད་དུ་འབྲོག་པའི་མ་འོངས་འཚོ་བའི་མདུན་ལམ་གྱི་དཀའ་ངལ་།

བོད་པའི་འབྲོག་པ་ཚོའི་མ་འོངས་འཚོ་བའི་མདུན་ལམ་དེ་གང་འདྲ་བྱས་ཡོང་སྙམས་པའི་བརྟན་པོ་མེད་པ་ཆགས་ཡོད་ལུགས།

2012.04.02

༄༅༎རྒྱ་ནག་གཞུང་གིས་བོད་པའི་འབྲོག་པ་རྣམས་ལ་སྔ་མོའི་ལུགས་སྲོལ་བཞིན་འབྲོག་ལས་བྱེད་དུ་མ་བཅུག་པར་ གྲོང་ཁྱེར་གྱི་ཉེ་འཁྲིས་སུ་རྡོ་དང་ས་ཕག་གྱི་རྒྱབ་པའི་ཁང་པ་སྤྲད་ནས་གཞིས་་སྤོས་བྱེད་དུ་བཅུག་པ་དེས་ འབྲོག་པ་ཚོའི་མ་འོངས་འཚོ་བའི་མདུན་ལམ་དེ་གང་འདྲ་བྱས་ཡོང་སྙམས་པའི་བརྟན་པོ་མེད་པ་ཆགས་ཡོད་ལུགས་ཕེ་རན་སི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བཞག། དེ་ཡང་ལྷ་གསོལ་གཏོང་ས་ཞིག་ཏུ་དགའ་སྟོན་ཞུ་བའི་བོད་མི་ཞིག་གིས་ཕེ་རན་སི་གསར་ལས་ཁང་ལ་ རྒྱ་ནག་གཞུང་གིས་བོད་པའི་འབྲོག་པ་ཚོར་རིན་པ་སྤྲོད་མི་དགོས་པའི་ཁང་པ་སྤྲོད་ཀྱི་ཡོད་པ་དང་ འབྲོག་པ་མང་པོས་དེར་དགའ་པོ་བྱེད་ཀྱི་ཡོད་ཀྱང་ སྔ་མོའི་ལུགས་སྲོལ་བཞིན་འབྲོག་ལས་ཀྱི་ལམ་ནས་འཚོ་བ་བསྐྱེལ་རྒྱུ་དེ་ཁག་པོ་ཆགས་ཡོད་ལུགས་བཤད་བཞག། རྒྱ་ནག་གཞུང་གིས་ རྒྱ་སྒོར་ཐེར་འབུམ་མང་པོའི་འགྲོ་སོང་བཏང་ནས་ བོད་པའི་འབྲོག་པ་རྣམས་ས་གནས་གཅིག་ཏུ་གནས་ཐབས་སུ་ཁང་པ་སྤྲད་ནས་གཞིས་སྤོས་བྱེད་དུ་བཅུག་གི་ཡོད་པ་དང་ དེ་ལྟར་གནང་དགོས་དོན་ནི་ འབྲོག་པའི་ཐོན་སྐྱེད་ཤ་མར་རྣམས་ཚོང་བདེ་བ་དང་ ཁོར་ཡུག་སྲུང་སྐྱོབ་ དེ་བཞིན་འབྲོག་པའི་འཚོ་བའི་མདུན་ལམ་ཡར་རྒྱས་གཏོང་ཐབས་ཆེད་ཡིན་ལུགས་འགྲེལ་བརྗོད་གནང་གི་ཡོད་པ་རེད། འོན་ཀྱང་འགྱུར་བ་ཆེན་པོ་དེས་ ཕ་བརྒྱུད་བུ་བརྒྱུད་ཀྱིས་ མི་ལོ་བརྒྱ་ཕྲག་མང་པོ་ནས་བྱེད་བཞིན་པའི་ཐུན་མོང་མ་ཡིན་པའི་འབྲོག་ལས་བྱེད་ཕྱོགས་དེ་རིམ་པས་ཡལ་འགྲོ་བའི་བློ་འཚབ་བོད་མི་མང་པོ་ཞིག་གིས་བྱེད་ཀྱི་ཡོད་པ་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་མགྲིན་ཚབ་མ་ཀེཏ་སོན་ཌར་སི་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་པའི་འབྲོག་པ་རྣམས་ཀྱི་ཐོག་སྟངས་འཛིན་ནན་པོ་བྱེད་ཐུབ་ཆེད་ དབྱར་ས་དགུན་ས་བྱས་ནས་ རྩ་བཟང་ས་དང་ ཆུ་བཟང་སར་ཕར་འགྲོ་ཚུར་འོང་བྱས་ནས་རང་གི་མི་ཚེ་སྐྱེལ་མཁན་འབྲོག་པ་རྣམས་ལ་ཁང་པ་སྤྲད་ནས་ས་གནས་གཅིག་ཏུ་གཏན་སྡོད་བྱེད་དུ་བཅུག་གི་ཡོད་པ་རེད་ཅེས་གསུང་བཞག། རྒྱ་ནག་གཞུང་གིས་འབྲོག་པ་དེ་ཚོར་ལས་ཀ་སྤྲོད་རྒྱུ་དང་ སློབ་གྲ་དང་ སྨན་བཅོས་སོགས་ཀྱི་མཐུན་རྐྱེན་གནང་རྒྱུའི་ཞལ་བཞེས་གནང་ཡང་ ལྐོག་ཟ་བྱ་མཁན་དཔོན་རིགས་མང་དྲག་པའི་རྐྱེན་གྱིས་ འབྲོག་པ་ཚོས་རང་གི་སྒོ་ཕྱུགས་སེམས་ཅན་རྣམས་རིམ་པས་ཚོང་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད་འདུག་། རང་ལོ་༤༠ལ་སོན་པའི་ནོར་བུ་ཟེར་བའི་བོད་མི་ཞིག་གིས་ཕ་རན་སི་གསར་ལས་ཁང་ལ་ རྒྱ་ནག་གཞུང་གིས་ང་ལ་ལས་ཀ་སྤྲོད་རྒྱུའི་ཁས་ལེན་བྱས་པར་བརྟེན་ ངས་སྒོ་ཕྲུགས་སེམས་ཅན་ཚང་མ་བཙོང་པ་ཡིན་ འོན་ཀྱང་ང་ལ་ནམ་དུས་ཀྱི་འཕྲལ་སེལ་ལས་ཀ་མ་གཏོགས་སྤྲད་མ་བྱུང་ལ་ ད་ཆ་ངས་རང་གི་ནང་མི་གསོ་སྐྱོང་བྱ་རྒྱུར་ང་ལ་དངུལ་མེད་པའི་དཀའ་ངལ་འཕྲད་ནས་གནས་ཡོད་ རྒྱ་ནག་གཞུང་གིས་ང་ལ་མགོ་སྐོར་བཏང་བའི་ཚོར་བ་ཡོང་གི་འདུག་ཅེས་བཤད་བཞག། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎