བལ་ཡུལ་ནང་བོད་མིའི་འགན་འཛིན་ཁག་འཛིན་བཟུང་བྱས་པ།

བལ་ཡུལ་གྱི་ཉེན་རྟོག་པས་བོད་གཞུང་སྣེ་ལེན་ཁང་གི་འགན་འཛིན་དང་ས་གནས་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་རྣམས་འཛིན་བཟུང་བྱས་འདུག

2008.06.19

༄༅༎ཕ་ཡུལ་དྲ་གནས་ནང་གནས་ཚུལ་སྤེལ་བར་ལྟར་ན། དེ་རིང་སྔ་དྲོ་ཕྱག་ཚོད་བརྒྱད་པ་ཙམ་ལ་བོད་གཞུང་སྣེ་ལེན་ཁང་གི་འགན་འཛིན་སྐལ་བཟང་ཅུང་ལགས་དང་། ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ངག་དབང་བཟང་མོ་ལགས་དང་། ཚོགས་གཞོན་བཀྲིས་སྒྲོལ་མ་ལགས་བཅས་ཀྱི་གཟིམ་ཤག་ཏུ་ས་གནས་ཉེན་རྟོག་པ་སླེབས་འབྱོར་གྱིས་ཁོང་གསུམ་འཛིན་བཟུང་གིས་

ཐོག་མར་བལ་ཡུལ་མཆོད་རྟེན་ཉེ་འཁྲིས་སུ་ཡོད་པའི་ཉེན་རྟོག་ལས་ཁུངས་ནང་བཞག་པ་དང་དེ་ནས་རིམ་པས་ས་གནས་གཞན་ཞིག་ཏུ་སྤོས་ནས་བཀག་ཉར་བྱས་ཡོད་འདུག། ཡང་ཕ་ཡུལ་དྲ་གནས་ཀྱི་གསར་འགོད་པས་གནས་ཚུལ་འདིའི་སྐོར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གྲགས་པ་བསྟན་འཛིན་ལགས་སུ་བཀའ་འདྲི་ཞུས་པའི་སྐབས་ཁོང་གིས། ཁོང་རྣམས་འཛིན་བཟུང་བཀག་ཉར་བྱས་པ་དངོས་འབྲེལ་ཡིན་པ་མ་ཟད་ ཁོང་རང་ཉིད་དང་། བོད་གཞུང་སྐུ་ཚབ་དོན་གཅོད་འཕྲིན་ལས་རྒྱ་མཚོ་ལགས་གཉིས་ཀྱི་གཟིམ་ཤག་ཏུའང་ས་གནས་ཉེན་རྟོག་པ་སླེབས་འབྱོར་བྱུང་ཡོད་ཀྱང་ཁོང་གཉིས་སྐབས་དེར་ཤག་ལ་མ་བཞུགས་པའི་སྐབས་འཁེལ་ཡོད་ཙང་འཛིན་བཟུང་བྱེད་ཐུབ་མེད་ལུགས་འགྲེལ་བརྗོད་གནང་འདུག།

ལྷག་པར་དུ་ས་གནས་ཚོགས་པའི་འགོ་འཁྲིད་ཚོར་བལ་ཡུལ་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་མུ་མཐུད་ནས་བལ་ཡུལ་ནང་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་བཞིན་པ་དེས་བལ་ཡུལ་དང་རྒྱ་ནག་གཉིས་ཀྱི་འབྲེལ་བའི་ཐོག་ལའང་གནོན་ཚབས་བཟོ་གི་ཡོད་ལུགས་གསུངས་ནས་ གང་ལྟར་ལས་འགུལ་སྤེལ་མི་ཆོག་པའི་ཉེན་བརྡ་བཏང་ཡོད་འདུག། འོན་ཀྱང་བོད་མི་ཚོ་དང་འགོ་འཁྲིད་རྣམས་འཛིན་བཟུང་བྱེད་མིན་ལ་མ་ལྟོས་པར་བོད་མི་ཚོས་ངོ་རྒོལ་མུ་མཐུད་བྱེད་རྩིས་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎