བོད་ཨ་མདོ་བླ་བྲང་དགོན་གྱི་གྲྭ་འཇིགས་མེད་ལགས་ཀྱི་སྐོར།

བོད་ཀྱི་ཨ་མདོ་བླ་བྲང་གི་དགེ་འདུན་པ་འཇིགས་མེད་ལགས་ལ་རྒྱ་གཞུང་གི་སྲུང་སྐྱོབས་མི་སྣས་བཀག་ཉར་དང་ཉེས་རྡུང་དྲག་པོ་བཏང་ཡོད་འདུག

2008.09.15

༄༅༎བོད་ཀྱི་ཨ་མདོ་བླ་བྲང་གི་དགེ་འདུན་པ་འཇིགས་མེད་ལགས་རྒྱ་གཞུང་གི་སྲུང་སྐྱོབས་མི་སྣས་ཁོང་འདི་ལོ་བོད་ནང་གི་དཔྱིད་ཀའི་ཞི་བའི་ངོ་རྒོལ་གྱི་ལསའགུལ་དེར་ཞུགས་པའི་དོག་གཞིའི་འོག་འདྲི་རྩད་བཀག་ཉར་དང་ཉེས་རྡུང་དྲག་པོ་བཏང་པའི་གནས་ཚུལ་ཨེ་པི་གསར་འགྱུར་ལས་ཁང་ལ་བརྗོད་ཡོད་པ་རེད་

འཇིགས་མེད་ལགས་ཀྱིས་ཁོང་རྒྱ་མིའི་བཙོན་ཁང་ནང་བཅུག་སྐབས་ཉེན་རྟོག་མི་སྣས་ཁོང་གི་ལག་པ་གཉིས་གནམ་ལ་བཏགས་ནས་ཉེས་རྡུང་དྲག་པོ་བཏང་བ་དེ་ཁོང་གི་བཙོན་རོགས་བོད་མི་གཞན་རྣམས་ལ་དེ་ལྟར་ལག་བསྟར་བྱས་ཡོད་སྐོར་གསུང་འདུག

ཁོང་ལ་ཉེས་རྡུང་དྲག་པོ་ཕོག་པའི་དབང་གིས་ཁོང་སྨན་ཁང་ནང་ཐེངས་གཉིས་རིང་སྡོད་དགོས་བྱུང་བ་དང་ཐེངས་གཉིས་པ་དེར་ཁོང་ཉིན་དྲུག་རིང་དྲན་མེད་དུ་ལུས་ནས་སྲོག་སྐྱོན་གྱི་ཉེན་ཁ་བྱུང་སྐབས་ཁོང་གི་ནང་མི་རྣམས་ལ་རྩིས་སྤྲོད་བྱས་རྗེས་ཉིན་༢༠རིང་སྨན་བཅོས་དང་ངལ་གསོ་གནང་རྗེས་ལུས་པོ་གསོ་ཐུབ་པ་བྱུང་སྐོར་གསུང་འདུག ཁོང་འདི་ལོ་ཕྱི་ཟླ་༥པའི་ནང་བླ་བྲང་དགོན་པར་ཕྱིར་ལོག་གནང་སྐབས་བླ་བྲང་དགོན་པའི་དགེ་འདུན་པ་༡༨༨ཡི་གྲ་ཤག་ལ་རྒྱ་མིའི་ཉེན་རྟོག་མི་སྣས་བསྔོག་བཤེར་བྱས་པ་ཤེས་རྟོགས་བྱུང་བ་དང་ཁོང་རྣམས་དེར་ཁོང་ཁྲོ་ཆེན་པོ་བྱེད་པ་དང་ཁོང་རྣམས་ནམ་ཕྱེད་ལ་རང་གི་ཉལ་ཁྲིའི་སྟེང་ནས་ཡར་བླང་པ་དང་ བཅའ་དངོས་ཁག་འཕྲོག་བཅོམ་བྱས་པ་མ་ཟད་རྒྱུ་མཚན་གང་གི་ཐོག་དེ་ལྟར་བྱེད་དགོས་དོན་གསལ་བཤད་ཡང་གང་ཡང་བྱས་མེད་སྐོར་གསུང་འདུག ཁོང་གིས་ད་ལྟའི་འཆར་བླ་བྲང་དགོན་པའི་དགེ་འདུན་པ་ལྔ་ད་དུང་དོ་དམ་བཙོན་བཅུག་འོག་ཡོད་པ་དང་ དགེ་འདུན་པ་༢༠གབ་ཡིབ་བྱས་ནས་བསྡད་ཡོད་སྐོར་གསུང་འདུག ཡང་ཁོང་གིས་དེང་སྐབས་བླ་བྲང་དགོན་པའི་དགེ་འདུན་པ་རྣམས་ལ་བདུན་གཅིག་ནང་རྒྱལ་གཅེས་ཆོས་གཅེས་ཞེས་པའི་སློབ་གསོའི་ལས་འགུལ་དེ་ཐེངས་གཉིས་རེ་སྤེལ་གྱི་ཡོད་པ་དང་ ཁོང་རྣམས་ལ་བོད་ཀྱི་དབུ་འཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་གང་ཉིད་ཀྱི་རྗེས་འཇུག་པ་རྣམས་དང་འབྲེལ་བ་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པའི་བཙན་བཀའ་བཏང་ཡོད་སྐོར་གསུང་འདུག འཇིགས་མེད་ལགས་རྒྱའི་བཙན་འོག་ནང་དཀའ་སྡུག་ཇི་མྱོང་སྐོར་གློག་ལས་འཕྲུལ་འཁོར་གྱི་ཡུའུ་ཀྲུབ་ཅེས་པའི་བརྙན་འཕྲིན་ནང་ཡང་བཅུག་ཡོད་པའི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎