བོད་དུ་རྒྱལ་གཅེས་སློབ་གསོའི་ལས་འགུལ་སྤེལ་བཞིན་པ།
2008.06.13
༄༅༎ཨ་མདོ་བླ་བྲང་ས་ཁུལ་གྱི་དགོན་པ་ཁག་གི་ནང་རྒྱ་ནག་གི་ལས་བྱེད་མི་སྣ་ཡོང་ནས་རྒྱལ་གཅེས་ཆོས་གཅེས་རིང་ལུགས་ཀྱི་སློབ་གསོ་སྤྲོད་བཞིན་པ་དང་ཕྱོགས་གཞན་ཞིག་ནས་དྲག་ཆས་ཉེན་རྟོག་པའི་ལག་ཏུ་མཚོན་ཆ་བཟུང་ནས་དགོན་པའི་མཐའ་སྐོར་དུ་བལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པ་རེད་ ས་གནས་སུ་ཡོད་པའི་དགེ་འདུན་པ་ཞིག་གིས་གསུངས་ན་ དགོན་པའི་ནང་གི་དགེ་འདུན་པ་ཚང་མས་ རྒྱལ་གཅེས་རིང་ལུགས་ཀྱི་སློབ་སྦྱོང་བྱས་རྗེས་རྒྱུགས་སྤྲོད་བྱེད་དགོས་ཀྱི་ཡོད་པ་དང་གལ་ཏེ་རྒྱུགས་མ་འཕྲོད་པ་ཡིན་ན་དགོན་པ་ནས་ཕྱིར་འབུད་གཏོང་རྒྱུའི་འཇིགས་སྐུལ་བྱེད་ཀྱི་ཡོད་པ་རེད་ རྒྱལ་གཅེས་སློབ་གསོ་ཞེས་པའི་ཡིག་ཆའི་ནང་ཉེ་ཆར་ང་ཚོའི་ཁུལ་དུ་ཟིང་ཆ་ཇི་ལྟར་བྱུང་བ་རེད་ཅེས་དང་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་ཤིག་ཏུ་ཇི་ལྟར་འགྱུར་བ་རེད་ཅེས་དོན་ཚན་གཉིས་དང་ ཡང་བོད་རང་བཙན་དང་ཏཱ་ལའི་བླ་མ་ལ་ངོ་རྒོལ་བྱེད་དགོས་པའི་སྐོར་ཡིག་ཆའི་ནང་བཀོད་ཡོད་པ་རེད་ཡང་ཞིང་པ་ཞིག་གིས་རྒྱ་ནག་གི་སློབ་གསོའི་ལས་འགུལ་ཁག་ལ་ང་ཚོས་ཡིད་ཆེས་བྱེད་ཀྱི་མེད་ འཛམ་གླིང་ཡོངས་ཀྱིས་༸གོང་ས་མཆོག་ལ་ཆེ་ཐོངས་ཆེན་པོ་གནང་གི་ཡོག་རེད་ རྒྱ་ནག་གིས་ཐོངས་མི་བྱེད་པ་གང་ཡིན་ནམ་ཞེས་དང་ ཡང་དགེ་འདུན་པ་གཞན་ཞིག་གིས་ང་ཚོར་འདེམས་ཁ་གང་ཡང་མེད་པར་རྒྱལ་གཅེས་སློབ་གསོ་རྒྱུགས་སྤྲོད་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད་