བོད་མི་མང་སྤྱི་འཐུས་ལྷན་ཚོཌ་ཀྱི་གསར་འགོད་བསྒྲཌ་གཏམ།

བོད་ནང་རང་ལུས་མེ་བསྲེག་གི་གནད་དོན་ཐད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གསར་འགོད་བསྒྲགས་གཏམ་སྤེལ་བ།

2012.01.10

༄༅༎བོད་ནང་རང་ལུས་མེར་བསྲེགས་བཏང་སྟེ་རང་སྲོག་བློས་གཏོང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་བཞིན་པའི་གནད་དོན་ཐད་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་འདུག།  དེ་ཡང་ཕྱི་ཟླ་ ༡ ཚེས་ ༡༠ ཉིན་སྤེལ་བའི་སྤྱི་འཐུས་ཀྱི་བསྒྲགས་གཏམ་དེའི་ནང་ བོད་མི་ཚོས་རང་གི་འདོད་འདུན་གསལ་སྟོན་གྱི་ཞུམ་མེད་སྙིང་སྟོབས་དང༌། ཡོད་ཚད་བློས་གཏོང་གི་བྱ་སྤྱོད་ཀྱིས་བོད་དོན་བདེན་པའི་འཐབ་རྩོད་ལ་དྲག་ཤུགས་དང་དཔུང་སྟོབས་ཀྱིས་གནོན་འཇོམས་བྱེད་ཐབས་མེད་པའི་བདེན་ལུགས་ར་འཕྲོད་ཐུབ་པ་དང༌། གཞན་ལ་འཚེ་བ་མེད་པར་བསྟན་འགྲོའི་དོན་དུ་རང་སྲོག་གཏོང་བའི་སྤུན་ཟླ་འདི་དག་གི་ལྷག་བསམ་ལ་རྗེས་སུ་ཡི་རངས་ཞུ་རྒྱུ་དང༌།  འདས་གྲོངས་སུ་ཕྱིན་པ་རྣམས་ལ་བསྔོ་སྨོན་དང༌། ཤུལ་ལུས་ལྟོས་བཅས་ལ་ཐུགས་གསོ།  འཚིགས་རྨས་ཐབས་པ་རྣམས་གང་མྱུར་དྲག་བསྐྱེད་ཡོང་བའི་རེ་སྨོན་ཞུ་རྒྱུ་ཡིན་ཅེས་དང༌།
ད་དུང་སྤྱི་འཐུས་ཀྱི་བསྒྲགས་གཏམ་དེའི་ནང་ ཁོང་རྣམས་ཀྱི་བྱ་སྤྱོད་ནི་འགྲོ་བ་མིའི་རིགས་ཀྱི་འཚེ་མེད་ཞི་བའི་ལས་འགུལ་གྱི་དེབ་ཐེར་དུ་བསྐལ་པའི་བར་ ཟུབ་མེད་ཀྱི་ལེ་ཚན་ཞིག་ཏུ་གནས་ངེས་ཡིན་ལ།  བོད་མི་ཚོས་རང་གི་དབུ་འཁྲིད་རང་ཡུལ་དུ་གདན་འདྲེན་ཞུ་རྒྱུའི་རེ་འདོད་དང༌། འགྲོ་བ་མི་སྤྱི་ཡོངས་ལ་ལྷན་སྐྱེས་སུ་ཡོད་པའི་ཐོབ་ཐང་ཁག་ལོངས་སུ་སྤྱོད་རྒྱུའི་དགོས་འདུན་བཏོན་པར་རང་ལུས་ཞུགས་འབུལ་གྱི་ལམ་ནས་བརྡ་སྟོན་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་རྒྱ་ནག་གཞུང་གིས་བོད་ཀྱི་སྣོད་བཅུད་གཉིས་ཀ་རྩ་གཏོར་གྱི་རང་གཞན་གཉིས་ཕུང་གི་བྱ་སྤྱོད་ཐབས་སྡུག་དེ་དང་ དུས་ལས་ཡོལ་བའི་སྲིད་བྱུས་དེ་དག་ལ་ཐུག་ཡོད་པ་ཁས་ལེན་བྱ་རྒྱུ་ནི་རྒྱལ་ཁབ་ཆེན་པོའི་རྨི་ལམ་སྙེགས་པའི་རྒྱ་ནག་རྒྱལ་ཁབ་ལ་ཡོད་དགོས་པའི་དམའ་མཐའི་བཟང་སྤྱོད་ཀྱི་སྤོབས་པ་ཞིག་ཡིན་ཅེས་འཁོད་འདུག།


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎