གླུ་བ་ཨ་མཆོག་ཕུལ་བྱུང་ཉེན་གཡོལ་དུ་འགྲོ་དགོས་བྱུང་བ།

༸གོང་ས་མཆོག་དང་བཀའ་ཁྲི་མཆོག་ལ་བསྟོད་གླུང་བླངས་བར་བརྟེན་རྒྱ་གཞུང་གིས་འཛིན་བཟུང་བྱ་རྒྱུའི་བཀའ་རྒྱ་བཏང་བ།

2012.06.10

༄༅༎བོད་ཀྱི་གླུ་པ་ཨ་མཆོག་ཕུལ་བྱུང་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང༌། བཀའ་ཁྲི་བློ་བཟང་སེངྒེ་ལགས་གཉིས་ལ་བསྟོད་གླུའི་གླུ་གཞས་བླངས་པའི་རྐྱེན་གྱིས་ཉེ་ཆར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱ་རྒྱུའི་བཀའ་རྒྱ་བཀྲམ་པའི་རྗེས་ད་ཆ་ཁོང་རི་ལ་ཉེན་གཡོལ་དུ་འགྲོ་དགོས་བྱུང་ཡོད་པ་རེད།

དེ་རིང་བོད་ཀྱི་བང་ཆེན་གསར་ཤོག་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གནས་ཚུལ་དེའི་སྐོར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊིར་བཞུགས་པ་སྐུ་ཞབས་འཇམ་དབྱངས་ལགས་དང་བསམ་གཏན་ལགས་གཉིས་ཀྱིས་ངོ་སྤྲོད་གནང་བྱུང་བ་བཀོད་ཡོད་པ་དང༌། ཁོང་གཉིས་ཀྱིས་གསུངས་པའི་ནང༌། བོད་ཀྱི་གླུ་པ་ཨ་མཆོག་ཕུལ་བྱུང་ལགས་ཀྱིས་ཉེ་ཆར་ཟི་ཁྲོན་ཞིང་ཆེན་གྱི་གྲན་རྡུ་གྲོང་ཁྱེར་ནས་ཁོང་གིས་ཆེད་བསྒྲིགས་བྱས་པའི་བརྙན་འཁོར་ཐེངས་ལྔ་པ་འདོན་སྤེལ་བྱས་པའི་རྗེས། རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བྱ་དགོས་པའི་བཀའ་རྒྱ་བཀྲམ་པར་བརྟེན་ནས་རི་ལ་ཉེན་གཡོལ་དུ་འགྲོ་བ་བྱུང་བ་ཡིན་ཞིང༌། ཁོང་འཛིན་བཟུང་བྱ་དགོས་པའི་བཀའ་རྒྱ་བཀྲམ་དགོས་དོན་ནི། གླུ་པ་ཁོང་གིས་རྒྱལ་བ་རིན་པོ་ཆེ་དང་བཀའ་ཁྲི་བློ་བཟང་སེ་ངྒེ་ལགས་ལ་བསྟོད་གླུའི་ནང་དོན་མཚོན་པའི་གླུ་གཞས་དང༌། བོད་ནང་གི་ད་ལྟའི་དངོས་ཡོད་དཀའ་སྡུག་གི་གནས་སྟངས་སོགས་གླུའི་གཞས་ཀྱི་ནང་དོན་དུ་བཀོད་དེ་གླུ་བླངས་ཏེ་མི་དམངས་ལ་གསལ་འདོན་བྱས་ཡོད་པའི་སྐོར་ངོ་སྤྲོད་གནང་ཡོད་པ་རེད། གླུ་པ་ཨ་མཆོག་ཕུལ་བྱུང་ལགས་ནི། ཟི་ཁྲོན་ཞིང་ཆེན་གྱི་འབར་ཁམས་ཁུལ་ཁྱུང་མཆུ་རྫོང་གི་ཨ་མཆོག་ཡུལ་ཚོའི་ཨ་མཆོག་སྟོད་མ་སྡེ་བ་ནས་ཡིན་པ་དང༌། ཁོང་གི་ཕ་ཡི་མཚན་ལ་སྒྲོལ་མ་སྐྱབས་དང། མ་ཡི་མཚན་ལ་སྒྲོལ་མ་ཡིན་ཞིང༌། ཁོང་ནི་དགུང་ལོ་སུམ་ཅུ་སོ་གྲངས་ཤིག་ཡིན་པ་དང༌། ཁོང་གི་བརྩམས་པའི་གླུ་གཞས་ཀྱི་བརྙན་འཕྲིན་དེའི་མིང་ལ་ཁུལ་གྱི་ནོན་པའི་ང་ཚོ་ཞེས་འབོད་པ་དང༌། བརྙན་འཕྲིན་དེའི་ནང་དུ་གླུ་གཞས་ཁྱོན་རྣམ་གྲངས་བཅུ་གསུམ་ཡོད་པ་མ་ཟད། དེའི་ནང་གི་གླུ་གཞས་ཀྱི་ནང་དོན་ལ་རྒྱལ་པོ་རིན་པོ་ཆེ་དང་བཀའ་ཁྲི་གཉིས་ལ་བསྟོད་གླུ་ཕུལ་བ་ཙམ་མ་ཡིན་པར་སྐུ་པར་ཡང་དངོས་སུ་མཇལ་རྒྱུ་ཡོད་པ་ཡིན་པས། ད་ཆ་ཁོང་གི་ཚེ་སྲོག་ལ་ཉེན་ཁ་ཆེན་པོར་ལྷུངས་ཡོད་པའི་གནས་ཚུལ་བཀོད་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎