རྒྱ་གཞུང་གིས་བོད་མི་ཕྱིར་ལོག་བྱེད་མཁན་ཚོར་དམ་བསྒྲགས།

བོད་ནས་བལ་ཡུལ་སོགས་སུ་གཉེན་འཕྲད་དང་གནས་སྐོར་དུ་ཕེབས་མཁན་གྱི་བོད་མི་དེ་དག་ཕྱིར་ལོག་བྱེད་སྐབས་དམ་བསྒྲགས་བྱེད་པ།

2012.01.21

༄༅།།བོད་ནས་བལ་ཡུལ་སོགས་སུ་གཉེན་འཕྲད་དང་གནས་སྐོར་དུ་ཕེབས་མཁན་གྱི་བོད་མི་དེ་དག་ཕྱིར་ལོག་བྱེད་སྐབས་བལ་བོད་ས་མཚམས་ཀྱི་ཉེ་འགྲམ་འགག་སྒོ་ནས་བཟུང་ལྷ་ས་གྲོང་ཁྱེར་བར་འགག་སྒོའི་ས་ཚིགས་ཁག་བཅུ་གཉིས་ཙམ་བཙུགས་ཏེ། མཐའ་མཚམས་ས་སྲུང་དམག་མི་དང༌། བོད་མི་གནས་ཡུལ་གྱི་ས་ཁུལ་ཁག་ནས་ཆེད་གཏོང་བྱས་པའི་བདེ་སྲུང་ཚན་པའི་མི་སྣ་སོགས་ཆེད་བཙུགས་ཀྱིས་ཅ་དངོས་བསྔོག་བཤེར་དང༌། མི་སྣ་རྩད་ཞིབ་ནན་པོ་བྱེད་ཀྱི་ཡོད་པ་མ་ཟད། བོད་མི་གནས་སྐོར་བ་ཚོས་རང་ཉིད་ཀྱི་འགྲོ་གྲོན་བཏང་ནས་ཉོས་པའི་སྨན་དང༌། མཆོད་རྫས་སོགས་ཀྱང་ཆ་ཚང་བཙན་འཕྲོག་བྱེད་པ་དང་། མཐའ་ན་མ་ཎི་སྒྲེང་བྱེད་ཀྱི་ཕྲེང་བ་སོགས་གང་ལྟར་ཆོས་ལུགས་དང་འབྲེལ་བ་ཡོད་པའི་ཅ་དངོས་གང་འདྲ་ཞིག་ཡིན་ཀྱང་བཙན་འཕྲོག་བྱེད་བྱས་པ་མ་ཟད། འགག་སྒོ་ཁག་གི་ས་སྲུང་དམག་མི་དེ་ཚོར་གནས་སྐོར་བ་ཚོས་གནས་ཚུལ་གསལ་བཤད་བྱེད་སྐབས་དམག་མི་དེ་ཚོས་ཚུར་མེ་མདའི་ཁ་བསྟན་ནས་འཇིགས་བསྐུལ་བྱེད་བཞིན་ཡོད་པ་སོགས་ད་ལྟ་རང་ཡུལ་བོད་ནང་ཕྱིར་ལོག་བྱེད་མཁན་བོད་མི་ཚོར། རྒྱ་ནག་གཞུང་གིས་སྤྱི་ཚོགས་བརྟན་ལྷིང་སོགས་ལ་ཁ་གཡར་ཏེ་བོད་མིའི་ཆོས་དད་རང་དབང་ལ་རྡོག་རོལ་དང༌། སྨྲ་བརྗོད་རང་དབང་དང་འགྲོ་བསྐྱོད་རང་དབང་ལ་ཚད་ལས་འདས་པའི་རྡོག་རོལ་བཏང་སྟེ། བོད་མི་དད་ལྡན་པ་ཚོའི་སེམས་ནས་དོ་ཕོག་ཤུགས་ཆེ་གཏོང་བཞིན་ཡོད་པའི་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎